ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་ཞི་ལིས་སེ་ན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 05-16



        ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་སི་རི་ལན་ཁའི་ཙུང་ཐུང་ཞི་ལིས་སེ་ན་ལ་མཇལ་འཕྲད་གནང་།
        ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་སི་རི་ལན་ཁའི་ཙུང་ཐུང་ཞི་ལིས་སེ་ན་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་སི་རི་ལན་ཁ་ནི་ཁྱིམ་མཚེས་བཟང་བོ་དང་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀ་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་པ་དང་མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་གསལ་བོར་ཤེས་པར་བྱེད་དགོས། ཏན་ཏན་ཏིག་ཏིག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ལས་གཞི་ཆེན་པོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་སི་རི་ལན་ཁའི་མི་དམངས་ལ་ཕན་པའི་དམངས་ཚིས་ལས་གཞི་མྱུར་དུ་ལག་བསྟར་བྱེད་དགོས་ཟེར།
        ཞི་ལིས་སེ་ན་ཡིས་བཤད་རྒྱུར། ཀྲུང་གོས་གྲོས་འགོ་བཏོན་ཏེ་བསྡུ་བཞིན་པའི་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ས་གནས་དང་རྒྱལ་སྤྱིའི་དོན་སྙིང་གལ་ཆེན་ལྡན་པ་དང་སི་རི་ལན་ཁ་ལའང་ཧ་ཅང་གལ་ཆེ། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཁོ་ཚོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཤུགས་བསྣན་ནས་འཕེལ་རྒྱས་དང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1