རྩྭ་ཐང་ཕོ་གསར་གྱི་ཕུགས་འདུན།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-17


     ད་ལོ་ལོ་23ལ་སླེབས་པའི་བོད་རིགས་ཕོ་གསར་བཀྲ་དོན་ནི། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཤང་སྡེ་གྲོང་རྡལ་ཏུང་ཧྲན་གྲོང་ཚོ་ནས་ཡིན་པ་དང་། ལུས་རྩལ་སྦྱོང་བརྡར་ལ་ཧ་ཅང་དགའ་པོ་ཡོད། ལོ་16ལ་སླེབས་སྐབས་ཕ་མ་གཉིས་ཀྱིས་མོས་མཐུན་བྱུང་རྗེས། བཀྲ་དོན་འཚར་ལོངས་བྱུང་སའི་རྩྭ་ཐང་དང་ཁ་བྲལ་ནས་ལུས་རྩལ་སློབ་གྲྭར་དྲག་རྩལ་སྦྱོང་བར་ཕྱིན། “ངའི་དྲག་རྩལ་ལམ་བུ་དེ་འདྲའི་བདེ་བླག་ཅིག་མིན་པར། སློབ་གྲྭ་དང་ཁ་བྲལ་རྗེས་ཀྱི་འགྲན་བསྡུར་ཐེངས་དང་པོར་འགྲན་ཡ་ལས་ཕམ་བྱུང”ཞེས་བཤད། དེའི་རྗེས། བཀྲ་དོན་ཕ་ཡུལ་དུ་ལོག་ནས་ལས་མི་བྱེད་པར་བསྐྱོད་ཀྱང་། འགྲན་སྟེགས་སུ་ལངས་འདོད་ཀྱི་ཕུགས་འདུན་ནམ་ཡང་དོར་མྱོང་མེད། ལས་མིར་སྐྱོད་པའི་བརྒྱུད་རིམ་གླེང་དུས་བཀྲ་དོན་གྱིས“ངས་དབྱར་རྩྭ་དགུན་འབུ་བཀོག་མྱོང་ལ་རླངས་འཁོར་ཉམས་གསོ་ཡང་བྱེད་མྱོང་། དེ་མིན་ད་དུང་ཐུག་པ་བཟོ་མཁན་ཡང་བྱེད་མྱོང”ཞེས་བཤད། མྱོང་བ་དེ་དག་བརྒྱུད་པ་ལས་ལོ་23ལ་སླེབས་པའི་བཀྲ་དོན་ཕར་བལྟས་ཚོད་ལ་ན་ཚོད་མཉམ་པའི་མི་ལས་ཧ་གོ་དོན་རྟོགས་ཐུབ་པ་འདུག
     རྗེས་སུ། བཀྲ་དོན་གྱིས་གྲོགས་པོའི་ཁ་ལ་ཉན་ནས་དམར་འཛིང་སྦྱོང་བརྡར་བྱས། བྱས་པ་ཅན་ལ་གྲུབ་འབྲས་ཐོབ་ཟེར་བ་ལྟར། 2016ལོར་མཚོ་སྔོནWKF(འཛམ་གླིང་རང་མོས་དམར་འཛིང་མཉམ་འབྲེལ་ལྷན་ཚོགས)འཛམ་གླིང་རང་མོས་དམར་འཛིང་འགྲན་རྩོད་ཐོག་བཀྲ་དོན་གྱིས་ཡང་ཤ་དོད་པའི་འཐབ་རྩལ་ལ་བརྟེན་ནས་ཐེངས་དེའི་འགྲན་བསྡུར་གྱི“WKFའཛམ་གླིང་རང་མོས་རྩལ་འཐབ་འགྲན་རྩོད་ཀྱི་སྤྱི་རྒྱ་65ཡི་གསེར་གྱི་སྐེད་རགས”གཅིག་པུ་དེ་བླངས་པ་རེད།
     ད་ལྟ། བཀྲ་དོན་ཟི་ལིང་གི་ལུས་སྦྱོང་ཁང་ཞིག་གི་དྲག་རྩལ་དགེ་རྒན་བྱེད་བཞིན་ཡོད། བོད་ཀྱི་གཞས་པ་བསྟན་འཛིན་ཉི་མའི་གཞས་ལ་ཉན་རྒྱུར་དགའ་བ་དང་། ཐང་ཆེན་སྒོར་གཞས་འཁྲབ་རྒྱུར་ཡང་དགའ་པོ་ཡོད། འདི་ནི་བཀྲ་དོན་གྱིས་ལུས་སྦྱོང་ཁང་གི་ལས་རོགས་རྣམས་ལ་བཞག་པའི་བག་ཆགས་རེད། སློབ་མ་ཚོར་དྲག་རྩལ་ཁྲིད་པའི་ཞོར་ལ་བཀྲ་དོན་གྱིས་སྦྱོང་བརྡར་མང་པོ་བྱས་ཏེ་རང་ཉིད་ཀྱི་རྩལ་འཐབ་ཇེ་ལེགས་སུ་གཏོང་བཞིན་ཡོད། བཀྲ་དོན་གྱིས“ངས་སྦྱོང་བརྡར་གང་མང་བྱས་ཏེ་རང་ཉིད་ཡར་རྒྱས་བཏང་ནས་སླད་ཕྱིན་གྱི་འགྲན་བསྡུར་ལ་སྔར་བས་ལེགས་པའི་གྲུབ་འབྲས་ལེན་རྒྱུ་ཡིན”ཞེས་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1