གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༡༧ཉིན།

གཞོན་ནུའི་མཐོང་ལམ་གྱི་ཡ་གླིང་གི་སྣ་མང་ཤེས་རིག

༄༅།།“གཞོན་ནུའི་མཐོང་ལམ་གྱི་ཡ་གླིང་གི་སྣ་མང་ཤེས་རིག་” —སངས་རྒྱས་ཀྱིས་
འབྲུག་པའི་རིག་གནས་འགྲེམས་སྟོན་བྱས་ཏེ། ཡ་གླིང་གི་སྣ་མང་
ཤེས་རིག་ཉམས་སུ་མྱངས་ཟེར།


     ཟླ་5ཚེས་15ཉིན། ཡ་གླིང་གི་ཤེས་དཔལ་བགྲོ་གླེང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་གྱི་ཡན་ལག་གླེང་སྟེགས་ཀྱི་བྱེད་སྒོ་སྟེ“གཞོན་ནུའི་མཐོང་ལམ་གྱི་ཡ་གླིང་གི་སྣ་མང་ཤེས་དཔལ་”གི་པར་རིས་འགྲེམས་སྟོན་ནི་ཚོགས་འདུ་འཚོག་རིང་སྤེལ་རྒྱུ་ཡིན། འགྲེམས་སྟོན་སྟེང་ཡ་གླིང་གི་གཞོན་ནུ་ཚོས་ཡ་གླིང་གི་རྒྱལ་ཁབ་སོ་སོ་ནས་བླངས་པའི་འདྲ་པར་ལེགས་པར་བདམས་ཡོད་པ་དང་།  རང་བྱུང་གི་མཛེས་ལྗོངས་དང་། ཡུལ་སྲོལ་གོམས་གཤིས། མི་ཆོས་རིག་གནས་སོགས་ཀྱི་མཐོང་སྣེ་ནས་ཡ་གླིང་གི་སྣ་མང་ཤེས་དཔལ་རང་བཞིན་མཚོན་པར་བྱས་ཏེ། ཡ་གླིང་གི་ཤེས་དཔལ་ཐད་བཟུང་བའི་མྱོང་བ་ལྷུག་པོར་མཚོན་ཡོད།

     འབྲུག་ཡུལ་གྱི་ན་གཞོན་སངས་རྒྱས་ཀྱིས་པར་མིག་རྒྱལ་ཁབ་དེའི་ཞིང་ལས་ཐད་ལ་བསྐོར་བའི་འདྲ་པར་ཐེངས་འདིའི་པར་རིས་འགྲེམས་སྟོན་ལ་ཚུད་ཡོད།
     སངས་རྒྱས་ཀྱིས། བདམས་ཐོན་བྱུང་བའི་བརྩམས་ཆོས་ནི་ལོ་ཁ་ཤས་སྔོན་དུ་བླངས་པའི་པར་ཡིན་པ་དང་། འདྲ་པར་དུ་ནམ་མཁའ་སྔོ་ཞིང་དྭངས་པའི་ཉིན་ཞིག་ལ། བགྲེས་སོང་ཞིག་གིས་ལ་ཕུག་སླེ་བོའི་ནང་དུ་བསྡུ་རུག་བྱེད་བཞིན་ཡོད་ཅིང་། རྒྱང་རིང་གི་རི་འདབས་སུ་ཡུལ་དེའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ཁང་པ་འགའ་མཐོང་ཐུབ། “ངས་འདྲ་པར་འདི་བདམས་དོན་ནི། ང་རང་ཉིད་འདྲ་པར་འདི་ལ་དགའ་བ་མ་ཟད། ད་དུང་འབྲུག་ཡུལ་ནི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་ལ། འདྲ་པར་འདི་ལ་རྒྱལ་ཁབ་འདིའི་ཁྱད་ཆོས་ཀྱང་ལྡན་པས་ཡིན་”ཞེས་འདྲ་པར་འདི་པར་དུ་རྒྱག་དུས་ཀྱི་རྣམ་པ་ཕྱིར་དྲན་བྱེད་ཞོར་དུ་ངོ་སྤྲོད་བྱས།



     སངས་རྒྱས་ཀྱིས་དེ་སྔོན་འབྲུག་ཡུལ་དུ་ཡུལ་སྐོར་དོ་དམ་གྱི་སྐོར་ལ་སློབ་སྦྱོང་བྱས་མྱོང་ཞིང་། ད་ལྟ་པེ་ཅིང་སྐད་ཡིག་སློབ་ཆེན་དུ་རྒྱ་ཡིག་སྦྱོང་བཞིན་ཡོད། མ་འོངས་པའི་སྐོར་གླེང་དུས། ཁོས་ཡིད་ཆེས་བརྟན་པོའི་ངང་འབྲུག་ཡུལ་དུ་ལོག་ནས་རང་ཉིད་ལ་དབང་བའི་ཡུལ་སྐོར་ཀུང་སི་ཞིག་གཟུགས་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཀྲུང་གོའི་ཡུལ་སྐོར་ལས་དོན་ཁང་དང་མཉམ་ལས་བྱ་རྒྱུའི་རེ་སྒུག་ཡོད་ཟེར།



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1