ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་མགྲོན་པོ་རྣམས་ལ་བསུ་མ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-17



ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསོལ་སྟོན་བཤམས་ཏེ་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་ལྕམ་མོ། དེ་མིན་སྐུ་མགྲོན་རྣམས་ལ་བསུ་མ་བྱས།  ཞི་ཅིན་ཕིང་གིས་གསུང་བཤད་གནང་། 
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསོལ་སྟོན་བཤམས་ཏེ། ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་ལྕམ་མོ། དེ་མིན་སྐུ་མགྲོན་རྣམས་ལ་བསུ་མ་བྱས། ཝང་ཧུའུ་ཉིང་གསོལ་སྟོན་ལ་ཞུགས།
        གསོལ་སྟོན་སྟེང་ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་བསྡུ་བ་ནི་ཨེ་ཤ་ཡའི་མཉམ་ལས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པའི་རེ་སྒུག་དང་མཐུན་པར་བྱས་ཏེ། དཔལ་ཡོན་མི་འདྲ་ནའང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་བརྗེ་རེས་དང་དཔྱད་གཞིར་འཛིན་པའི་སྟེགས་བུ་ཞིག་གསར་སྐྲུན་བྱས་པ་ཡིན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭའི་དཔལ་ཡོན་ནི་ལོ་ངོ་ལྔ་སྟོང་ལྷག་གི་རིང་ལ་རྒྱུན་མ་ཆད་པར་ལོ་རྒྱུས་རྒྱུན་འཛིན་བྱས་པའི་ཁྲོད་དུ་མཉམ་སྡུད་མཉམ་གསོག་དང་གསར་སྐྲུན་བྱས་པ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་རིང་ལ། ཀྲུང་གོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།
        གསོལ་སྟོན་སྟེང་དུ་སྐུ་མགྲོན་རྣམས་ཀྱིས་བརྩེ་བའི་གླེང་མོལ་བྱས་ཏེ་དཔལ་ཡོན་བརྗེ་རེས་ཀྱི་འདོད་བློ་ལྷུག་པར་བརྗོད་པ་དང་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་མཉམ་དུ་སྨོན་འདུན་ཞུས།
        ཏེན་ཞའོ་ཞང་དང་སུན་ཁྲུན་ལན། དབྱང་ཅེ་ཁྲི། ཧོང་ཁུན་མེན། ཚེ་ཆི། ཝང་དབྱི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1