ཛམ་ཐང་རྫོང་གིས་ལྔ་མཛེས་དགོན་པ་འཛུགས་སྐྲུན་ལ་ཤུགས་བསྣན་པ།

བྱམས་པ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-17



        རྒྱུན་མཐུད་ངང་དགོན་པའི་ཁོར་ཡུག་བཅོས་སྐྱོང་བྱ་བ་གནད་དུ་བཟུང་ནས་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཆོས་གཅེས་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་གཏིང་ཇེ་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གཙོ་བོར་བཟུང་ནས་ལྔ་མཛེས་དགོན་པ་འཛུགས་བསྐྲུན་ལ་སྐུལ་འདེད་བཏང་།  

        ཟླ་5བའི་ཚེས་15ཉིན། ཛམ་ཐང་བར་མའི་གྲྭ་བཙུན་དང་སློབ་མ་ལས་བྱེད་པ་བཅས་མཉམ་ཞུགས་སྒོས་ཐུན་མོང་གི་ལྔ་མཛེས་དགོན་པའི ཁོར་ཡུག་གཙང་སྦྲ་བྱེད་པའི་་བྱེད་སྒོ་སྤེལ།


        ཛམ་ཐང་བར་མ་གྲོང་རྡལ་གྱི་དགོན་སྡེའི་མངའ་ཁོངས་ཀྱི་ཁོར་ཡུག་རྣམ་པ་ལེགས་བསྒྱུར་དང་སློབ་མའི་སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་རྒྱ་ཆེའི་གྲྭ་བཙུན་དང་ཁྲིད་སྦྱོང་ཁང་གི་སློབ་མ། དེ་མིན་དགོན་པའི་ལས་བྱེད་པ་བཅས་ཀྱི་མིག་སྔར་དང་རྗེས་ཕྱོགས་ཀྱི་ལས་ཀ་གཙོ་བོར་བཟུང་ནས་དགོན་པའི་མཐའ་འཁོར་དང་ལམ་འགྲམ་གཡས་གཡོན་ལ་གཙང་སྦྲ་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ།
        དགོན་སྡེའི་མངའ་ཁོངས་ལེགས་བསྒྱུར་དང་ལྔ་མཛེས་དགོན་པ་དར་རྒྱས་གཏོང་བའི་འཐབ་ཇུས་གོ་སྐབས་དམ་དུ་བཟུང་ནས་གཙང་བ་དགོན་དང་ཆོས་རྗེ་དགོན། ཚེས་བཅུ་དགོན་དེ་མིན་ཁྲིད་སྦྱོང་ཁང་གི་སློབ་མ་སོགས་ཀྱིས་མཉམ་འབྲེལ་སྒོས་དམིགས་འབེན་གསལ་བོ་དང་བྱེད་ཐབས་ནན་མོས་དགོན་སྡེའི་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་བྱ་བ་རབ་དང་རིམ་པ་བསྒྲུབས་ནས་དགོན་མཐའ་སོགས་སུ་གད་སྙིགས་མེད་པའི་ལྔ་མཛེས་དགོན་པ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ།
        ཛམ་ཐང་བར་མའི་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བའི་ཆེད་དོན་བཅོས་སྐྱོང་ལས་སྒྲུབ་ཁྲོད་དུ། གོང་འོག་མཉམ་འབྲེལ་དང་ཕྱི་ནང་མཉམ་རུབ། དམངས་ཡོངས་མཉམ་ཞུགས་ཀྱིས་དགོན་པའི་རྣམ་པར་མཚར་སྡུག་བསྣན། ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དེ་ཚད་གཞི་ཞིག་དང་ལམ་སྲོལ་ཞིག་ཏུ་འགྱུར་བར། རྒྱ་ཆེའི་གྲྭ་བཙུན་དང་ལས་བྱེད་པ། སློབ་མ་རྣམས་ཀྱི་འབད་བརྩོན་བརྒྱུད་ཛམ་ཐང་བར་མ་གྲོང་རྡལ་གྱི་དགོན་པ་་གསུམ་གྱི་ཕྱི་ནང་གི་ཁོ་ར་ཁོར་ཡུག་ཀུན་ལ་གད་སྙིགས་མེད་པར་བཟོས་ནས་ཛམ་ཐང་བར་མའི་4Aརིམ་པའི་རིག་གནས་ལྗོངས་སྐོར་མཛེས་ལྗོངས་ཁུལ་འཛུགས་བསྐྲུན་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1