ཡ་གླིང་གི་གློག་བརྙན་གཟའ་འཁོར་པེ་ཅིང་དུ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-20


     ཟླ་5ཚེས་16ཉིན། ཡ་གླིང་གི་གློག་བརྙན་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དུ་སྤེལ་བ་རེད། ཡ་གླིང་གི་ཤེས་དཔལ་གྲོས་མོལ་ཚོགས་ཆེན་གྱི་མུ་འབྲེལ་བྱེད་སྒོའི་གྲས་ཤིག་ཡིན་པའི་ཆ་ནས། ཡ་གླིང་གི་གློག་བརྙན་གཟའ་འཁོར་སྤེལ་རིང་གློག་བརྙན་མཁན་པོའི་བགྲོ་གླེང་དང་། ཡ་གླིང་གི་གློག་བརྙན་འགྲེམས་སྟོན། ཡ་གླིང་གི་གློག་བརྙན་སྒྲིག་བཟོ་བའི་གླེང་སྟེགས། ཡ་གླིང་གི་ཕུལ་བྱུང་བརྙན་འཕྲིན་ལེ་ཚན་འགྲེམས་སྟོན་དང་ཕན་ཚུན་སྟོན་རེས་སོགས་ཀྱི་བྱེད་སྒོ་སྤེལ་འཆར་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1