མ་འོངས་པར་སྲོག་གཅོད་མི་དགོས་པར་ཤ་ཟ་ཐུབ་པའི་རེ་བ་ཆེ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-20


        ཉེ་ལམ་ཧྲང་ཧའེ་རུ་འཚོགས་པའི་ཀྲུང་གོའི་རྒྱལ་སྤྱིའི་ཟས་རིགས་དང་བཏུང་བྱའི་འགྲེམ་སྟོན་འདུ་ཚོགས་ཐོག ཨ་རིའི་Beyond Meatཞེས་པའི་སྤྱི་གཉེར་ཁང་གིས་བཏོད་པའི་མིས་བཟོས་ཤ་ལ་མི་མང་པོས་དོ་སྣང་ཆེན་པོ་ཐེབས་ཡོད། དེ་ལ་ཤ་ལས་ལྷག་པའི་དགེ་མཚན་མང་པོ་ལྡན་ཡོད་པ་སྟེ། ཤའི་ཆེད་དུ་ཚེ་སྲོག་གཅོད་མི་དགོས་པ་མ་ཟད། སའི་གོ་ལའི་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པ་རྒྱ་ཆེན་པོ་ལྡན་ཡོད།

        ཨ་རི་སོགས་རྒྱལ་ཁབ་ཁག་ཅིག་གིས་མིས་བཟོས་ཤར་ཞིབ་འཇུག་བྱས་ནས་ལོ་མང་ཕྱིན་ཞིང་། མིག་སྔར། མིས་བཟོས་ཤ་དེ་ཨ་རི་སོགས་རྒྱལ་ཁབ་ཉུང་ཤས་ཤིག་གིས་དངོས་སུ་ཐོན་སྐྱེད་དང་ཟ་ཁང་ཁག་ཅིག་གིས་གཡོས་སྦྱོར་བྱེད་འགོ་ཚུགས་ཡོད་མོད། ཡིན་ནའང་དེ་ཐོན་སྐྱེད་བྱེད་པའི་འགྲོ་གྲོན་ད་དུང་ཤིན་ཏུ་ཆེ་བས་ཁྱབ་གདལ་དུ་འགྲོ་ཐུབ་མེད། ཟས་རིགས་ཞིབ་འཇུག་པ་ཁག་ཅིག་གི་དགོངས་ཚུལ་ལྟར་ན། མ་འོངས་པར་མིས་བཟོས་ཤའི་ཐོན་སྐྱེད་འགྲོ་གྲོན་ཆུང་ནས་ཆུང་དུ་ཕྱིན་ཏེ་རིམ་བཞིན་ཁྱབ་གདལ་དུ་འགྲོ་སྲིད་པ་རེད།
        འཛམ་གླིང་གི་མི་སྣ་གྲགས་ཅན་ཏེ་ཨ་རིའི་གློག་ཀླད་མཁས་པ་པེལ་ཀེ་ཚེ་དང་། ཀྲུང་གོའི་ཤང་ཀང་གི་ཕྱུག་བདག་ཆེན་མོ་ལི་ཅ་ཁྲེང་སོགས་ཀྱིས་མིས་བཟོས་ཤའི་ཐོན་ལས་ལ་མ་རྩ་བཏང་ཡོད་ཅིང་། ཁོང་ཚོས་དེར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད་པའི་ལྟ་ཚུལ་འཛིན་གྱི་ཡོད།
        མིས་བཟོས་ཤ་ལ་རིགས་གཉིས་ཡོད་པ་སྟེ། རིགས་གཅིག་ནི་སྲན་མ་སོགས་རྩི་ཤིང་གི་སྤྲི་དཀར་གྱིས་བཟོས་པ་ཡིན་པ་དང་། དེ་ནི་སྤྲི་དཀར་འབོར་ཆེན་དང་ཚིལ་ཉུང་ཉུང་གིས་གྲུབ་པར་བརྟེན་མིའི་བདེ་ཐང་ལ་ཕན་པ་ཆེན་པོ་ལྡན་ཡོད། རིགས་གཞན་པ་དེ་ནི་སྲོག་ཆགས་ཀྱི་ཕྲ་ཕུང་ཉུང་བ་ཞིག་མངར་དང་སྣུམ། གཏེར་རྒྱུ། འཚོ་བཅུད་དངོས་རྫས་སོགས་ལ་བརྟེན་ནས་གསོས་རྗེས་གྲུབ་པ་ཡིན།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1