ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཨེ་ཤ་ཡའི་དཔལ་ཡོན་བརྗེ་རེས་གླེང་མོལ་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་དང་ལྷན་དུ་ཨེ་ཤ་ཡའི་རིག་གནས་ཀྲུང་གོའི་ལོའི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-20


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཚེས་བཅོ་ལྔ་ཉིན་པེ་ཅིན་རྒྱལ་སྤྱིའི་ལུས་རྩལ་ར་བ་རུ་ཨེ་ཤ་ཡའི་དཔལ་ཡོན་བརྗེ་རེས་གླེང་མོལ་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་དང་ལྷན་དུ་ཨེ་ཤ་ཡའི་རིག་གནས་ཀྲུང་གོའི་ལོའི་བྱ་འགུལ་ལ་ཞུགས།
        ཝང་ཧུའུ་ཉིན་ཚོགས་འདུར་ཞུགས།
        དགའ་བསུའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་སྒྱུ་རྩལ་པ་རྣམས་ལ་དགའ་བསུའི་ཞུ་ཚིག་ཕུལ། ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤ་ཡའི་རྒྱལ་ཁབ་སོ་སོ་ལ་འོད་སྟོང་འབར་བའི་གནའ་བོའི་རིག་གནས་ཡོད་ལ།ཚང་མ་ཁྱད་འཕགས་ཀྱི་རིག་གནས་མཉམ་གནས་ཁྲོད་ན་འཆམ་མཐུན་གྱིས་འཚོ་ཡོད་པ་མ་ཟད། ཨེ་ཤ་ཡའི་རིག་གནས་སྣ་མང་རང་བཞིན་དེས་ཨེ་ཤ་ཡའི་རིག་གནས་ལ་སྔར་ལས་ཕུན་སུམ་ཚོགས་པའི་བཀྲག་མདངས་བསྣན་ཞིང་། ཡུན་རིང་གི་གསོན་ཤུགས་རྒྱས་སུ་བཅུག་ཡོད། དོ་དགོང་། སྒྱུ་རྩལ་གྱིས་མི་རིགས་ལས་བརྒལ་ཞིང་། མི་སེམས་ལ་འཐིམ་ནས། བསམ་བློའི་འབྲེལ་འདྲིས་བྱས་ཏེ། འཛམ་གླིང་ཧྲིལ་བོར་མི་སེམས་རབ་ཏུ་འགུལ་བའི་ཨེ་ཤ་ཡ་ཞིག་དང་། གསོན་ཤུགས་སྟོང་གིས་བརྟས་པའི་ཨེ་ཤ་ཡ་ཞིག  ཞི་བདེ་ཡར་ཐོན་ཅན་གྱི་ཨེ་ཤ་ཡ་ཞིག་བཅས་བཀྲམ་སྟོན་བྱེད་དགོས་ཟེར།

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་མི་ཡིས་གནའ་ནས་བཟུང་གཉེན་ལ་བྱམས་ཤིང་གྲོགས་ལ་ཕྱི་ཐག་རིང་པ་དང་།ཁྱིམ་མཚེས་བཟང་པོ་རྟ་ཡིས་མི་ཁུགས་པའི་སེམས་ཀྱི་འཛིན་སྟངས་ལ་གོང་བཀུར་བྱེད་ཀྱིན་ཡོད། ཀྲུང་གོ་མི་དམངས་ཀྱིས་ལྷག་བསམ་རྣམ་དག་གིས་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོར་ཕན་ཚུན་གཟིགས་སྐྱོང་དང་རོགས་རམ་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ཡོད་ལ། འཛམ་གླིང་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་མདུན་བསྐྱོད་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད། ལག་རྡང་མཉམ་སྦྲེལ་གྱིས་ཨེ་ཤ་ཡ་དང་འཛམ་གླིང་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་ཞིག་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།
        ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་རིག་གནས་ཀྲུང་གོའི་ལོའི་བྱ་འགུལ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
        འཁྲབ་སྟོན་དེ་ང་ཚོའི་ཨེ་ཤ་ཡ་ཞེས་པའི་མཉམ་སྒྲོག་མཉམ་ལེན་གླུ་གཞས་ཀྱི་ཁྲོད་ནས་འགོ་བརྩམས་ཤིང་།རྒྱལ་ཁབ་སོ་སོའི་ན་གཞོན་གླུ་བ་གླུ་མ་དང་རོལ་མོའི་ཚན་སྡེབ་སོགས་ཀྱིས་ཐེངས་འདིའི་རིག་གནས་ཀྲུང་གོའི་ལོའི་བརྗོད་གཞི་དང་མཐུན་པའི་འཁྲབ་སྟོན་གང་མང་བྱས་ཏེ།ཚོགས་ར་ཧྲིལ་བོ་རིག་གནས་དང་སྒྱུ་རྩལ་གྱི་ལོངས་སྤྱོད་ཁྲོད་ནས། སྤྲོ་དགའ་དང་བདེ་སྐྱིད་ཀྱི་ཡོ་ལང་རབ་ཏུ་རྒྱས་བྱུང་།
        ཏེན་ཞའོ་ཞང་དང་། སུན་ཁྲུན་ལན། ཡང་ཅེ་ཁྲི། ཚའེ་ཆི། ཝང་ཡུས། ཧི་ལིས་ཧྥུན་བཅས་ཚོགས་འདུར་ཞུགས་ཤིང་། ཧོང་ཁུན་མེན་གྱིས་བྱ་འགུལ་ལ་འགོ་འཛིན་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1