༄༅།། དབྱར་དུས་ཆུ་གྲང་མོས་རྐང་པ་བཀྲུས་ན་ལེགས་སམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-21


        རྐང་པར་སྙིང་གཉིས་པ་ཞེས་བརྗོད་སྲོལ་ཡོད་ཅིང་། ལུས་པོ་ཡོངས་ཀྱི་ཁྲག་རྩ་གཙོ་བོ་རྐང་མཐིལ་ལ་གནས་ཡོད། རྐང་པར་དྲོད་ཁུག་དཀའ་བ་མ་ཟད།  རྐང་མཐིལ་གྱི་པགས་པའི་དྲོད་ཚད་ལུས་པོ་ཡོངས་ཀྱི་དྲོད་ཚད་ལས་དམའ་བས་གྲང་མོ་ཆགས་མགྱོགས་པོ་ཡོད། 

        དྲོད་ཚད་མཐོ་བའི་དབྱར་དུས་སུ་རྟག་ཏུ་ཆུ་གྲང་མོས་རྐང་པ་བཀྲུས་ན་རྐང་པའི་གྲང་ཤུགས་ཆེ་རུ་ཕྱིན་ནས། ཁྲག་རྩ་བརྒྱུས་ཏེ་ལུས་པོ་ཡོངས་ལ་ཤུགས་རྐྱེན་ཐེབས་པས། ནད་རིམས་སྣ་ཚོགས་སློང་གི་ཡོད་ལ། རྐང་མཐིལ་གྱི་རྔུལ་ཐོན་རྨེན་རྩའི་གྲུབ་ཆ་འཁུམས་ཏེ་ཡུན་རིང་པོ་སོང་རྗེས། ཁྲག་རྩ་ལྷོད་པོར་རྒྱུ་བའི་ནུས་པ་ཉམས་ནས་རུས་ཚིགས་དང་གྲུམ་བུ་སོགས་ན་གི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1