ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ སྤེལ་དུས། 05-22


        ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།
        བསམ་འཆར་ལས་བསྟན་དོན། ཟས་རིགས་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་ཟས་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ནས་མི་དམངས་ཀྱི་བཟའ་བཏུང་བདེ་འཇགས་ཁག་ཐེག་བྱེད་དགོས་པ་གསལ་བོར་བཏོན་ཡོད་པ་དང་། མི་དམངས་ཀྱི་མཛེས་པའི་འཚོ་བའི་དགོས་མཁོ་ཉིན་རེར་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་དགོས་པའི་ཐད་ལ་རེ་བ་གསར་བ་བཏོན་པས། ངེས་པར་དུ་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བྱས་ཏེ། ཆེས་མཐོ་བའི་ཚད་གཞི་དང་ཆེས་དམ་པོའི་ལྟ་སྐུལ་དོ་དམ། ཆེས་དྲག་པོའི་ཆད་གཅོད། ཆེས་གཟབ་ནན་གྱི་འགན་འཁྲི་བཅས་ལ་བརྟེན་ནས། ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།
        བསམ་འཆར་ལས་བསྟན་དོན། བདེ་འཇགས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གསར་སྐྲུན་བྱེད་པ། མཉམ་བཅོས་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1