2018ལོའི་དཔལ་ཡོན་འཆམ་མཐུན་དགོན་པར་མིང་བཏགས་སྒོ་བྱང་གནང་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་གྱི་གཟེངས་བསྟོད་ཚོགས་འདུ་དར་མདོ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-22


        ཚེས་20ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་2018ལོའི་དཔལ་ཡོན་འཆམ་མཐུན་དགོན་པར་མིང་བཏགས་སྒོ་བྱང་གནང་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་གྱི་གཟེངས་བསྟོད་ཚོགས་འདུ་དར་མདོ་རུ་འཚོགས། དཀར་མཛེས་ཁུལ་ཏང་ཨུ་ཧྲུའུ་ཅི་ལིའུ་ཁྲན་མིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་པ་རེད།  

        ཁོང་གིས་ཆོས་ལུགས་པ་རྣམས་ཀྱིས་ནན་ཏན་སྒོས་ཆབ་སྲིད་ཚད་མཐུན་དང་རྒྱལ་གཅེས་ཆོས་གཅེས། ཁྲིམས་སྲུང་སྒྲིག་སྲུང། སྡོམ་འཛིན་འཕྲིན་ལས། མཐུན་སྒྲིལ་ཡར་ཐོན། སེམས་ཅན་ཐམས་ཅད་ལ་ཕན་པ་བཅས་ཀྱི་ཚད་གཞི་དང་ཆབ་སྲིད་ཐོག་བློ་འགེལ་ཆོག་པ་དང་ཆོས་ལུགས་ཐོག་གྲུབ་འབྲས་ཡོད་པ། ཀུན་སྤྱོད་ཐོག་མི་དམངས་ཀྱིས་ཁེ་ལེན་པ། གནད་འགག་གི་སྐབས་ནུས་པ་འདོན་པ་བཅས་ཀྱི་ཚད་གཞི་དང་མཐུན་དགོས་ལ།  མིག་དཔེ་ལེགས་པོར་བསྟན་ཏེ་ཏང་དང་རྒྱལ་ཁབ་ལ་དགའ་བ།  ཁྲིམས་ལུགས་སྲུང་སྐྱོང་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུར་ཞུགས་ཏེ། དཀར་མཛེས་ཁུལ་གྱི་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་འབྱུང་པར་སྐུལ་འདེད་གཏང་ནས་དཀར་མཛེས་ཁུལ་གྱི་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1