ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི་བྱ་བར་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 05-22


        ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྐམ་དམག་རྐང་དམག་སློབ་གླིང་དུ་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་། 
        ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྐམ་དམག་རྐང་དམག་སློབ་གླིང་དུ་ཕེབས་ཏེ་བྱ་བར་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བའི་ཏང་གི་སྟོབས་ལྡན་དམག་དཔུང་དགོངས་པ་དང་དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། འཐབ་ཡུལ་ལ་ཁ་ཕྱོགས་པ་དང་དམག་དཔུང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་ཏེ། དོན་སྤྱི་རང་བཞིན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་ཆབ་སྲིད་ཁག་ཐེག་ནུས་པ་ཇེ་ཆེར་གཏོང་དགོས་ལ། སློབ་སྒྲུབ་གཏན་གནས་གཏན་འཁེལ་གསལ་བོ་བྱེད་པ་དང་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ཞིང་སློབ་གྲྭ་བསྒྲུབ་ནས་མི་སྣ་སྐྱེད་སྲིང་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ནས། སྟོབས་ལྡན་དམག་དཔུང་ལས་དོན་ཐད་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།
        ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་སྐམ་དམག་རྐང་དམག་སློབ་གླིང་དུ་ཕེབས་ནས་ཅང་ཞི་རུ་སྡོད་པའི་དམག་དཔུང་གི་ཁྲི་དཔོན་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་འཛུགས་ལུགས་མདའ་ཤོག་རིམ་པའི་ལས་ཁུངས་ཀྱི་འགོ་གཙོ། སྐམ་དམག་རྐང་དམག་སློབ་གླིང་གི་མདའ་དཔོན་རིམ་པ་ཡན་གྱི་ལས་བྱེད་པ་དང་ཧྲི་ཅ་ཀྲུང་སློབ་ཁུལ་གྱི་འགོ་གཙོ། ཆེད་མཁས་པ་དང་དགེ་རྒན་ཆེན་མོའི་འཐུས་མི་བཅས་ལ་ཐུག་འཕྲད་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་བཞག
        ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། སློབ་གྲྭ་ནི་ཀུན་སྤྱོད་བཟང་བའི་མི་སྣ་སྐྱེད་སྲིང་བྱེད་པའི་གནས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་དུས་རབས་གསར་བའི་ཏང་གི་སྟོབས་ལྡན་དམག་དཔུང་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱེད་པ་དང་། ཀུའུ་ཐེན་དམག་དཔུང་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་དང་དམག་དཔུང་ཏང་ཨུའི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན་ནས་ཆབ་སྲིད་དམག་འཛུགས་རེ་བ་དེ་སློབ་སྒྲུབ་སློབ་སྐྱོང་གི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་དངོས་འབེབས་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། སློབ་གླིང་ཏང་ཨུའི་འགོ་ཁྲིད་ཚན་ཁག་གིས་རང་སྟེང་འཛུགས་སྐྲུན་དང་ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པར་སྣེ་ཁྲིད་བྱས་ཏེ། འགོ་ཁྲིད་ཆུ་ཚད་དང་ཆེད་ལས་བྱང་ཚད་ཇེ་མཐོར་གཏོང་བ་དང་། རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་དོན་དངོས་གནད་དོན་དང་དཀའ་ཁག་ཐག་གཅོད་དགོས་པར་མ་ཟད་ཚང་མ་དང་མཐུན་སྒྲིལ་དམ་པོ་བྱས་ནས་སློབ་གླིང་འཛུགས་སྐྲུན་བཟང་བོ་བྱེད་དགོས། སྲོལ་ངན་བཞི་དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྐྱོང་བྱས་ནས་སྤྱོད་གཙང་སྲོལ་བཟང་འགན་སྲུང་བྱེད་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1