གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༣ཉིན།

གངས་རིའི་འདབས་ཀྱི་དབྱར་རྩྭ་དགུན་འབུའི་རིག་གནས་དུས་ཆེན་ལ་རྒྱུས་ལོན་བྱེད།


          ཟླ་ལྔ་པའི་བོད་བྱང་ཐང་གི་གནམ་སྔོ་སྤྲིན་དཀར་དང་ཁ་བས་གཡོགས་པའི་གངས་རིའི་འདབས་རོལ་དུ། ཕྱུགས་རྩྭ་སྔོ་ཐིང་ཐིང་དུ་གྱུར་ནས་རྩྭ་ཐང་ཐོག་གི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་དེ་འཆར་ལ་ཉེ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་སྦྲ་ཁ་གྲོང་ཚོར་དབྱར་རྩྭ་དགུན་འབུ་སྨྱན་སྦྱོར་བྱས་པའི་ཡུལ་སྐོར་གྱི་དགྱེས་སྟོན་ཞིག་སྤེལ་འགོ་ཚུགས་འཆར་ཡོད་པ་རེད།
འདི་ནི་འདམ་གཞུང་གི2019ལོའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
འདི་ནི་མོ་ནམ་གངས་རིའི་མཛེས་ལྗོངས་རེད། 
          ཟླ5པའི་ཚེས20ཉིན། སྤྲོ་སེམས་རབ་ཏུ་འཁོལ་བའི་རས་པའི་ཞབས་བྲོའི་ཁྲོད། “བརྩེ་སེམས་ཀྱིས་བཟི་བའི་མོ་ནམ་གངས་རི•དབྱར་རྩྭ་དགུན་འབུ་བཙལ་བའི་འགྲུལ་བཞུད ”ཅེས་པ་བརྗོད་དོན་བྱས་པའི་དག་གཙང་འདམ་གཞུང་གི2019ལོའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་མོ་ནམ་གངས་རིའི་འདབས་སུ་འགོ་ཚུགས་པ་རེད། ཟླ6པའི་ཚེས10ཉིན་བར་རྒྱུན་མཐུད་བྱས་པའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རིང་། ཡུལ་སྐོར་པས་ཚོགས་ཞུགས་ཀྱིས་མིང་ཐོ་འགོད་པའི་ཐབས་ལམ་བརྒྱུད་དེ་ཐག་ཉེ་ནས་མོ་ནམ་གངས་རིར་གཟིགས་པ་དང་།  ལོ་ངོ་སྟོང་གི་འབྲོག་པའི་རིག་གནས་ལ་ཉམས་སུ་མྱོང་བ། དབྱར་རྩྭ་དགུན་འབུ་དངོས་སུ་འཐུ་བ་བཅས་བྱེད་ཆོག་པ་རེད།
འདི་ནི་དག་གཙང་འདམ་གཞུང་གི2019ལོའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཡུལ་སྐོར་པས་མཉམ་པར་བསྐྱོན་པ།
          འགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ། ཀོང་ཏུང་ཀྲུང་ཧྲན་ནས་ཡོང་བའི་ཡུལ་སྐོར་པ་ཞེ་ལི་ཧྭ་ཡིས་སྤྲོ་སེམས་འཁོལ་བའི་ངང་། གསར་འགོད་པར་ཁོ་རང 2017ལོའི་རྗེས་སུ་ཡང་བསྐྱར་བོད་ལྗོངས་སུ་ཡུལ་སྐོར་བྱས་པ་ཡིན་ཞིང་།  གནས་འདིའི “འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་འདུག”ཅེས་བཤད། “དེ་རིང་འདི་གར་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་རྒྱུ་ཡིན་པ་ཐོས་བས། ང་ཚོ་ཚོགས་པ་ཡོངས་ཀྱིས་གཅིག་མཐུན་གྱི་འགྲུལ་བཞུད་ལམ་ཐིག་བརྗེས་ཏེ། དེ་རིང་ཡུལ་དངོས་སུ་འགོ་ཚུགས་མཛད་སྒོར་བལྟས་པ་ཡིན། དེར་ས་གནས་རང་གི་ཡུལ་སྐོར་གསར་འབྱེད་བྱས་པ་ཧ་ཅང་བཟང་ཞིང་། རིག་གནས་ལ་སྲུང་སྐྱོབ་བྱས་པའང་ཤིན་ཏུ་ལེགས”ཞེས་ཞེ་ལི་ཧྭ་ཡིས་བཤད། ཡུལ་དངོས་སུ་མཐོང་བའི་མཛེས་ལྗོངས་དང་། དེར་མྱོང་ཚོར་བྱས་པའི་ཐུན་མིན་གྱི་རིག་གནས་ཀྱིས་མོར་འདི་ནི་བརྗེད་པར་དཀའ་བའི་འགྲུལ་བཞུད་ཅིག་ཡིན་པའི་མྱོང་ཚོར་བྱིན་ཞིང་། མོས“དེ་ལས་ང་ཚོས་ཕྱི་དྲོའི་དབྱར་རྩྭ་དགུན་འབུ་འཐུ་བའི་བྱེད་སྒོ་དེར་རེ་སྒུག་ཆེན་པོ་བྱེད་དུ་བཅུག་ཅིང་། ཕྱི་དྲོར་ལག་ཡོང་ཡོད་པའི་རེ་བ་བྱེད”ཅེས་བཤད། 
          རྒྱུས་ལོན་ལྟར་ན། འདམ་གཞུང་རྫོང་གིས་དབྱར་རྩྭ་དགུན་འབུའི་རིག་གནས་དུས་ཆེན་སྤེལ་བ་བརྒྱུད་ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་བཞི་པ་ཡིན་ཞིང་། སྤྲོ་སྣང་གིས་ཁེངས་པའི་དབྱར་རྩྭ་དགུན་འབུ་འཐུ་བར་མྱོང་བ་དང་ཐུན་མོང་མ་ཡིན་པའི་བོད་བྱང་ཐང་གི་མཛེས་ལྗོངས་ནི་རིམ་བཞིན་གངས་རི་བརྒལ་ནས་ཕྱི་རོལ་གྱི་མི་རྣམས་ཀྱིས་རྒྱུས་ལོན་བྱུང་།
          མ་འོངས་པར། འདམ་གཞུང་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ། འབྲོག་ཁུལ་གྱི་སྐྱས་སྤོའི་རིག་གནས་ཐོན་ཁུངས་སྔར་བས་སྔོག་འདོན་གཏིང་ཟབ་བྱ་རྒྱུ་རེད། འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་འཆི་མེད་ཚེ་རིང་གིས་བཤད་རྒྱུར།“ང་ཚོས་ཡུལ་སྐོར་པར་རྟ་བཞོན་རྒྱུ་དང་། སྦྲ་གུར་ནང་དུ་འདུག་པ། མེ་ཕུང་མཚན་ཚོགས་སོགས་ཀྱི་ཉམས་ལེན་བྱེད་སྒོ་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་མྱོང་རོལ་གྱི་ཡུལ་སྐོར་འཚོལ་ཞིབ་བྱ་རྒྱུ་ཡིན་ཞིང་། ཡུལ་སྐོར་གྱི་ཡོང་འབབ་དེ་སྔོན་ཆད་ཀྱི་རང་བྱུང་མཛེས་ལྗོངས་གཙོ་བོར་བྱེད་པའི་སྒོ་འཛིན་དཔལ་འབྱོར་ནས་ཡུལ་སྐོར་པར་ཉམས་ལེན་གཏིང་ཟབ་དང་། ཐུན་མོང་མ་ཡིན་པའི་རིག་གནས་ཉམས་ལེན་བྱེད་སྟངས་ཀྱི་དཔལ་འབྱོར་ཕྱོགས་སུ་བསྒྱུར་རྒྱུ་ཡིན”ཞེས་བཤད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1