གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༤ཉིན།

འཛམ་གླིང་གི་ཨང་གཉིས་པ་དང་ཨེ་ཤེ་ཡའི་ཨང་དང་པོའི་སྲ་གཟུགས་ལིས་ཧུའེ་གཏེར་ཁ་དཀར་མཛེས་ཀྱི་དར་མདོ་རུ་བསྔོག་རྒྱུ་ཡིན་པ།


     སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་དེ་གའི་ནུས་རྒྱུ་གསར་པའི་རྣམ་གྲངས་ཆེ་གྲས་དཀར་མཛེས་ཀྲོའུ་རུང་ཏཱ་ལིས་ལས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཅ་ཅི་ཁ་ལིས་ཧུའེ་གཏེར་ཁ་བསྔོག་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་ཤིང་། རྣམ་གྲངས་དེའི་ཐོན་ལས་འཁོར་འབྲེལ་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་160གཏོང་རྩིས་ཡོད་པ་དང་། དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་སྔོན་དཔག་ལྟར་ན་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་8ཟིན་རྒྱུ་རེད།
     མིག་སྔའི་བར། ལིས་ཧུའེ་གཏེར་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལག་རྩལ་སྒྱུར་བཀོད་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཁར་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང་ས་ཆུ་སྲུང་འཛིན་གྱི་འགྲོ་ལུགས་གཉེར་ཟིན་པ་རེད།
     དེ་དང་ཆབས་ཅིག་རྣམ་གྲངས་ཀྱི་སྤྱི་ཚོགས་ཀྱི་ཉེན་ཁའི་དཔྱད་དཔོག་ཐད། ཁྱབ་ཁོངས་ཉིད་ཐ་ཀུང་གྲོང་རྡལ་གྱི་གྲོང་ཚོ་18བར་ཆེ་རུ་བཏང་ནས་མང་ཚོགས་མི་ཐེངས་10400དྲིལ་བསྒྲགས་བྱས་པ་དང་། སྔོག་འདོན་ཁྱབ་ཁོངས་སུ“འགན་འཁྲིའི་ཡི་གེ”དང“ཁས་ལེན་ཡི་གེ”2449རང་མོས་ངང་བཞག་པ་མ་ཟད། སྤྱི་ཚོགས་ཀྱི་ཉེན་ཁའི་དཔྱད་དཔོག་གི་སྙན་ཞུ་སྒྲིག་བཟོ་བྱས་ཚར་བར་ཕྱོགས་བསྡུས་དཔྱད་དཔོག་གི་ཆོད་སྡོམ་ནི་ཉེན་ཁ་ཆུང་ཙམ་ཡིན་པ་རེད། རུང་ཅེ་མ་འཇོག་ཚོགས་པས་དེ་གོང་ཁྲེང(ཏུའུ)དཀར(མཛེས)བཟོ་ལས་གླིང་དུ་སྒོར་དུང་ཕྱུར་160ཡི་མ་འཇོག་གྲོས་མཐུན་བཞག་པ་དང་། ལིས་ཐོན་ལས་ལས་སྣོན་ཞིབ་ཚགས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བར་བརྟེན་ལིས་ཐོན་ལས་ཀྱི་འཁོར་འབྲེལ་རྒྱ་ཆེར་ཕྱིན་ཡོད་པ་རེད། རྣམ་གྲངས་དེའི་མ་འཇོག་བྱེད་མཁན་དཀར་མཛེས་ཀྲོའུ་རུང་ཏཱ་ལིས་ལས་ཚད་ཡོད་ཀུང་སིས་ཡུལ་དེའི་མང་ཚོགས་ལ་ས་ཆ་བསྡུ་སྤྱོད་ཁ་གསབ་སྒོར་ཁྲི་961དོན་འཁྱོལ་བྱས་པ་དང་འབྲེལ། མ་དངུལ་སྒོར་ཁྲི་350བཏང་ནས་ལྕགས་དྲ་སྨི་8000བསྐོར་ཏེ་སྒོ་རྒྱག་སྔོག་འདོན་གྱི་ཚད་གཞིར་སླེབས་པ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་9000ཙམ་བཏང་ནས་གཏེར་ཁུལ་གྱི་བགྲོད་ལམ་རིམ་སྤོར་བྱས་པ་རེད།
      ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་ནུས་རྒྱུ་གསར་པའི་ཐོན་ལས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་བསྟུན་ནས་རྒྱལ་ཁབ་ཀྱིས་ལིས་ཐོན་ཁུངས་ཀྱི་རྩད་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྨད་རྒྱུད་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་གཉེར་སྐྱོང་གསར་སྤེལ་གྱི་ཁོར་ཡུག་ཡག་པོ་བསྐྲུན་ཞིང་། དར་མདོ་གྲོང་ཁྱེར་ས་ཁོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་ཡོང་བར་རམ་འདེགས་བྱས་ནས་དཀར་མཛེས་ཀྲོའུ་དང་དར་མདོ་གྲོང་ཁྱེར་གྱི་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གིས་ཅ་ཅི་ཁ་ལིས་ཧུའེ་གཏེར་ཁ་ཐོན་ཁུངས་གསར་སྤེལ་དེ་རྣམ་གྲངས་གལ་ཆེན་དུ་བརྩིས་ནས་སྐུལ་འདེད་བཏང་བ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1