སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་བོད་སྐད་གློག་བརྙན་སྒྱུར་སྐྲུན་ལས་ཀའི་གསོ་སྦྱོང་འཛིན་གྲྭ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། 05-24



ཚོགས་འདུའི་ཡུལ་དངོས།

        2019ལོའི་ཟླ་5པའི་ཚེས་23ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས(ཁམས་པའི་བརྙན་འཕྲིན།)་ཀྱིས་གཙོ་སྒྲུབ་བྱས་པའི་གློག་བརྙན་སྒྱུར་སྐྲུན་ལས་ཀའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་ཁྲེང་ཏུའུ་ནས་གཉེར་བ་རེད།


ཚོགས་འདུའི་ཡུལ་དངོས།

        ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ་ཡེ་ཤེས་ཕུན་ཚོགས་དང་། ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་སྒྱུར་སྐྲུན་ལྟེ་གནས་ཀྱི་གྲངས་ཉུང་མི་རིགས་སྒྱུར་སྐྲུན་ལག་རྩལ་གཙོ་གཉེར་མཁན་ཀྲང་ལེ་ཝུན་དང་གསོ་སྦྱོང་དགེ་རྒན་ཀྲང་མེ་ཅོན། སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས(ཁམས་པའི་བརྙན་འཕྲིན།)་ཀྱི་བརྙན་འཕྲིན་ཟློས་གར་ཚན་ཁག་གི་ཀྲུའུ་རེན་ཨོ་རྒྱན་ཆོས་འཕེལ། དེ་མིན་བོད་ལྗོངས་ལྷ་ས་དང་། ཡུལ་ཤུལ། དར་མདོ། རྔ་བ། ཁྲེང་ཏུའུ་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་གློག་བརྙན་སྒྱུར་སྐྲུན་ལས་མི་བཞི་བཅུ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་འདུག
ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
        ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཚོགས་ཐོག་ནས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་དམིགས་ཡུལ་དང་། ཁམས་པའི་བརྙན་འཕྲིན་ཁང་བཙུགས་ནས་བགྲང་བྱ་བཅུ་ཡི་རིང་ལ་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་སྐོར་ནས་གྲུབ་འབྲས་གང་འདྲ་བླངས་ཡོད་པ་སོགས་རེ་རེ་བཞིན་གསལ་པོ་བརྗོད་ཅིང་། མ་འོངས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བགྲོ་གླེང་ཚོགས་འདུའི་ཐོག་བཏོན་པའི་བླང་བྱ་གཞིར་བཟུང་ནས་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་གློག་བརྙན་བརྙན་འཕྲིན་གང་མང་ཞིག་སྒྱུར་སྐྲུན་བྱེད་རྒྱུའི་སྐོར་ལ་རེ་བ་ནན་མོ་བཏོན།
ཚོགས་འདུའི་ཡུལ་དངོས།
        ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དེ་རིང་ནས་འགོ་བརྩམ་སྟེ་ཉིན་བརྒྱད་ཀྱི་རིང་། ཕྱོགས་སོ་སོ་ནས་ཕེབས་པའི་སྒྱུར་སྐྲུན་མི་སྣ་དག་ལ་ཡིག་སྒྱུར་དང་སྒྲ་ཕབ། འཁྲབ་ཁྲིད། སྒྲིག་སྦྱོར་སོགས་ཀྱི་སྐོར་ནས་གསོ་སྦྱོང་བྱ་རྒྱུ་རེད།
ཚོགས་ཞུགས་མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1