གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

མགོན་པོ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༧ཉིན།

ཕེང་ཆིང་ཧྭ་ཡིས་རྔ་བ་ཁུལ་དུ་བརྟག་ཞིབ་མཛད།

        ཉེ་ལམ། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕེང་ཆིང་ཧྭ་རྔ་བ་ཁུལ་གྱི་མཛོད་དགེ་རྫོང་དང་ཧུང་ཡོན་རྫོང་དུ་བརྟག་ཞིབ་མཛད་པར་ཕེབས། ཁོང་གིས་གསུང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། རྩ་བ་གཅིག་དང་ཡན་ལག་མང་པོ་དང་གླིང་ལྔ་མཐུན་སྦྱོར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ས་ཁོངས་འཕེལ་རྒྱས་ཀྱི་ནུས་པ་དང་ཁོངས་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། དབུལ་བྲལ་གནད་སྒྲོལ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་པའི་མདུན་གྲལ་དུ་བསྐྱོད་པར་འབད་བརྩོན་བྱེད་དགོས།
        ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་རྣམ་གཉིས་བརྟག་ཞིབ་མཛད་པར་ཕེབས།
        ཕེང་ཆིང་ཧྭ་མཚོ་ངོས་ལས་མཐོ་ཚད་སྨི3400ལྷག་གི་རི་རྒན་ཆོ་དམར་དམག་རྩ་ཐང་བརྒྱུད་པའི་རྗེས་ཤུལ་ལ་ཕེབས་ནས། དམར་དམག་རྩ་ཐང་བརྒྱུད་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་ནས་མེ་ཏོག་གི་སི་ར་ཕུལ་བ་དང་། མཛོད་དགེ་རྫོང་གི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་བན་ཡུལ་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་ནས་མེ་ཏོག་གི་མཆོད་པ་ཕུལ།
         ཕེང་ཆིང་ཧྭ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པས། མཛོད་དགེ་རྫོང་གི་མཚོ་ཁྱ་ཁྲེབ་རང་བྱུང་རླན་སའི་སྲུང་སྐྱོང་ཁུལ་དང་རྨ་ཁུག་དང་པོའི་རང་བྱུང་སྲུང་སྐྱོང་ཁུལ། ཧུང་ཡོན་ཟླ་ཚེས་ཁུག་པའི་རླན་སའི་སྲུང་སྐྱོང་ཁུལ་སོགས་ལ་ཕེབས་ནས། ཡུལ་དངོས་ནས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་མཛད་སྐབས་བཏོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པ་དང་། ཆུ་ཁུངས་སྲུང་སྐྱོང་། སྐྱེ་ཁམས་ལྗོངས་སྐོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།
        བོད་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་ལས་ཀའི་འཕེལ་རིམ་གང་འདྲ་རེད་དམ། ཕན་འབྲས་ཇི་ལྟར་ཡོད་པ་སོགས་ནི་ཕེང་ཆིང་ཧྭ་ཡིས་ནམ་རྒྱུན་ཆེས་ཐུགས་ཁུར་མཛད་སའི་དོན་དག་ཅིག་ཡིན།
         ཁོང་སྔ་གཞུག་ཏུ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་གྱི་གླིང་དཀར་སྡེ་བ་དང་ཧུང་ཡོན་རྫོང་ཨ་མོ་ཁོག་ཡུལ་ཚོའི་རྒོད་ར་སྡེ་བའི་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱེད་ས་དང་། ཁྱུང་མཆུ་གྲོང་རྡལ་དམག་གསར་སྡེ་བ་སོགས་སུ་ཕེབས་ནས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སོགས་ལ་ཞིབ་བཤེར་མཛད། དབུལ་ཕོངས་ཁྱིམ་ཚང་རུའོ་ཧྥེང་དང་ནོར་བུ་རང་གྲོལ། པ་སངས། བསོད་ནམས་བསྟན་འཛིན། ཆོས་སྒྲོན་སོགས་ཀྱི་ཁྱིམ་དུ་ཕེབས་ནས། སྡོད་ཁང་གི་བདེ་འཇགས་དང་འབྲུ་རིགས་གསོག་འཇོག ལས་ཞུགས་དང་ཡོང་སྒོ། བུ་ཕྲུག་སློབ་ཞུགས་གནས་ཚུལ། སྨན་བཅོས་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།
        བརྟག་ཞིབ་མཛད་སྐབས་ཕེང་ཆིང་ཧྭ་ཧུང་ཡོན་རྫོང་གཡུ་ཐོག་བོད་སྨན་ཀུང་སི་དང་ནོར་གནག་འོ་ཕྱེའི་ཀུང་སི། ཀུན་ཕན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་སུ་ཕེབས་ནས། ཁྱད་ལྡན་ཕྱུགས་ལས་དང་བོད་སྨན་ཐོན་ལས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། མཛོད་དགེ་རྫོང་སྟག་ཚ་དགོན་པའི་དཔེ་མཛོད་ཁང་དང་ཧུང་ཡོན་རྫོང་རྨེ་བ་དགོན་པ་སོགས་སུ་ཕེབས་ནས། དགོན་པ་ཁྲིམས་ལྟར་དོ་དམ་དང་གསར་གཏོད། བོད་བརྒྱུད་ནང་བསྟན་རིག་གནས་རྒྱུན་འཛིན་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྒྱུན་ལོན་གནང་བར་མ་ཟད། རྒྱ་ཆེའི་དགེ་འདུན་པ་ཚོར་རྒྱལ་གཅེས་ཁྲིམས་སྲུང་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་རྒྱུར་སྐུལ་མ་བཏང་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བསྟན།
       བརྟག་ཞིབ་མཛད་སྐབས་སུ། ཕེང་ཆིང་ཧྭ་ཡིས་གཙོ་འགན་བཞེས་ནས་མཛོད་དགེ་རྫོང་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། རྔ་བ་ཁུལ་ཨུ་དང་མཛོད་དགེ་རྫོང་ཨུས་ཕུལ་བའི་ལས་ཀའི་སྙན་ཞུར་གསན་པ་དང་གསུང་བཤད་གནང་།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1