བོད་ཀྱིས་རིག་ནུས་ཅན་གྱི་སྨན་པ་བསྟེན་པའི་དཔེ་དབྱིབས་སྤྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-28


       ཟླ་5ཚེས26ཉིན་གློག་འཕྲིན་འབྱོར་གསལ།   བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་"དངུལ་ཁང་དང་སྨན་ཁང་མཉམ་ལས་"བྱས་པའི་ཆ་འཕྲིན་ཅན་གྱི་དྲ་རྒྱ་འཛུགས་སྐྲུན་རྣམ་གྲངས་ཚེས་26ཉིན་སྤྱོད་འགོ་ཚུགས་པ་རེད།   རང་འདེམས་ཨང་ཐོ་འགོད་པ་དང་སྨན་རིན་སྤྲོད་པའི་གཅིག་སྒྲུབ་རྣམ་པའི་འཕྲུལ་འཁོར་དང་།   ལག་ཐོག་སྨན་ཁང་གི་སྐད་འཕྲིན་ཞབས་ཞུའི་ཨང་ཀི་སོགས་ཀྱི་མ་ལག་གིས་མང་ཚོགས་སྨན་པ་བསྟེན་སྐབས་ཀྱི་ཨང་ཐོ་འགོད་པའི་བང་རིང་བ་དང་།   སྨན་རིན་སྤྲོད་སྐབས་བང་རིང་བ།   སྨན་བཅོས་བྱ་རྒྱུ་སྒུག་པར་བང་རིང་བ།  སྨན་པ་བསྟེན་པའི་དུས་ཚོད་ཐུང་བ་བཅས་ཀྱི་"རིང་བ་གསུམ་དང་ཐུང་བ་གཅིག་"གི་གནད་དོན་ཐག་གཅོད་བྱས་ནས་སྨན་བཅོས་ཀྱི་སྤུས་ཚད་དང་སྨན་པ་བསྟེན་པའི་ཕན་ནུས་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྣམ་གྲངས་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ཀྲུང་གོ་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་བཅས་མཉམ་ལས་བྱས་ནས་སྤེལ་བ་ཞིག་རེད།  དེར་སྨན་པ་བསྟེན་པར་ཡོང་མཁན་ནད་པས་རང་འདེམས་ཨང་ཐོ་འགོད་པ་དང་སྨན་རིན་སྤྲོད་པའི་གཅིག་སྒྲུབ་རྣམ་པའི་འཕྲུལ་འཁོར་སྤྱད་ན་གཱ་གཉེར་བ་དང་། ཨང་ཐོ་འགོད་པ། སྨན་རིན་སྤྲོད་པ།   སྨན་པ་བསྟེན་པའི་ཟིན་ཐོ་འདྲི་རྩད། སྙན་ཞུའི་དེབ་པར་ཕབ། སྨན་རིན་འདྲི་རྩད་སོགས་ཀྱི་རྒྱུད་རིམ་སོ་སོར་ལེགས་འགྲུབ་བྱེད་ཐུབ་ལ་"ལག་ཐོག་སྨན་ཁང་"གི་སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས་སྔོན་མངགས་ཨང་ཐོ་འགོད་པ་དང་།  སྨན་བཅོས་དྲན་སྐུལ།  སྨན་བཅོས་ཆ་འཕྲིན་འདྲི་རྩད་སོགས་བྱེད་ཐུབ་པས་སྲོལ་རྒྱུན་གྱི་སྨན་བཅོས་བྱེད་སྟངས་ལ་འགྱུར་བ་ཕྱིན་ནས་ནད་པས་སྨན་པ་བསྟེན་སྐབས་ཀྱི་བང་སྒྲིག་པའི་དུས་ཚོད་ཐུང་དུ་ཕྱིན་ཡོད་པ་རེད། 

   བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་བློ་བཟང་ནོར་བུས་རྣམ་གྲངས་དེ་སྤྱད་རྗེས།  སྨན་ཁང་གིས་སྒོ་བསྟེན་སྨན་བཅོས་དང་། མྱུར་སྐྱོབ་སྨན་བཅོས།  ནད་སྡོད།    གཟུགས་པོ་རྟག་དཔྱད་སོགས་བྱེད་སྐབས་དངུལ་ཁང་གཱ་དང་། སྐད་འཕྲིན། གཏོང་སྤྲོད་འབོ། དངུལ་ཁང་གི་Appརྟགས་བཤེར་སོགས་གཏོང་སྤྲོད་རྣམ་པ་མང་པོ་སྤྱད་ཆོག་པས།   མང་ཚོགས་ཀྱི་གྲངས་འཛིན་སྤྱི་ཚོགས་ཀྱི་འཛད་སྤྱོད་དང་གཏོང་སྤྲོད་གོམས་གཤིས་སྐོང་ཐུབ་ཀྱི་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1