ཏེང་ཞའོ་ཀང་གིས་གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-28



        སྤྱི་ཟླ་5པའི་ཚེས་24ཉིན། སི་ཁྲོན་ཉིན་རེའི་ཚགས་པར་ཁང་གིས་སྤེལ་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སི་ཁྲོན་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་བླང་བྱ་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་གི་གསར་གཏོད་ལ་ཤུགས་སྣོན་བྱས་ཏེ། རྒྱུན་ཆད་མེད་པར་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་ཆེ་རུ་གཏང་དགོས་ཞེས་བསྟན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1