གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༩ཉིན།

ཤང་ཀང་ལས་རིགས་ཁག་གི་དབུལ་སྐྱོར་སྐུལ་འདེད་ཚོགས་པས་སི་ཁྲོན་བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་འདེགས་བྱས་པ།


     རྣམ་གྲངས་གསུམ་པོ་ནི་ཆུ་ཚན་གྱི་འཁྲུད་ཁང་དང་། རྟ་གསོ་ཆེད་ལས་མཉམ་ལས་ཁང་། གྲོང་ཚོའི་མཉམ་སྡེབ་ཐོན་ལས་སྲོལ་རྒྱུན་སྒོར་གཞས་དམངས་སྲོལ་གཉེན་སྟོན་ཀུང་སི།
     མ་དངུལ་སྒོར་ཁྲི་86གཏོང་རྩིས་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས་ཤང་དེ་ཡོངས་ཀྱི་ཞིང་འབྲོག་པ་2000ལྷག་ཙམ་གྱི་གཟུགས་པོ་བཀྲུ་བའི་དཀའ་གནད་སེལ་ཐུབ།
     མ་དངུལ་སྒོར་ཁྲི་25བཏང་ནས་རྣམ་གྲངས་བསྐྲུན་ཟིན་རྗེས་དུད་ཚང་དབུལ་པོའི་མི་ལ་ལས་ཀ་རག་ནས་ཡོང་འབབ་བྱུང་བ་དང་ཆབས་ཅིག་ཁེ་བཟང་ཡང་བགོ་བཤའ་རྒྱག་རྒྱུ།
     ལོ་ལྟར་གཉེན་སྟོན་ཐེངས་གྲངས་30ཙམ་ལ་སྣེ་ལེན་ཞུ་དགོས་ལ་སྒོར་ཁྲི་15ཙམ་གྱི་ཡོང་འབབ་བགོ་བཤའ་ཡང་རྒྱག་རྒྱུ་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། ཤང་ཀང་ལས་རིགས་ཁག་གི་དབུལ་སྐྱོར་སྐུལ་འདེད་ཚོགས་པས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་དང་གྲོས་མཐུན་ལ་མིང་རྟགས་བཀོད་དེ་རྫོང་དེའི་དམངས་འཚོའི་རྣམ་གྲངས་གཙོ་གནད་གསུམ་ལ་དབུལ་སྐྱོར་གྱི་མ་དངུལ་སྒོར་ཁྲི་134ཞལ་འདེབས་བརྒྱབ་པ་རེད།
     མ་དངུལ་གྱི་རོགས་རམ་ཐོབ་པའི་དམངས་འཚོའི་རྣམ་གྲངས་གསུམ་པོ་ནི་ཆུ་ཚན་གྱི་འཁྲུད་ཁང་དང་། རྟ་གསོ་ཆེད་ལས་མཉམ་ལས་ཁང་། གྲོང་ཚོའི་མཉམ་སྡེབ་ཐོན་ལས་སྲོལ་རྒྱུན་སྒོར་གཞས་དམངས་སྲོལ་གཉེན་སྟོན་ཀུང་སི་བཅས་སོ་སོ་ཡིན་པ་རེད།
     ལི་ཐང་རྫོང་གེ་མོ་ཤང་ཞུའེ་ཧྲུའོ་གྲོང་ཚོ་དང་ཚྭ་ཁ་གྲོང་ཚོར་རང་བྱུང་གི་ས་འོག་ཚ་ནུས་ཡོད་ཀྱང་གསར་སྤེལ་བེད་སྤྱོད་ཀྱི་ནུས་པ་མེད་པར་བཅའ་སྡོད་ཡུལ་མིའི་གཟུགས་པོ་བཀྲུ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད། ཞུའེ་ཧྲུའོ་གྲོང་ཚོ་དང་ཚྭ་ཁ་གྲོང་ཚོའི་རང་བྱུང་ས་འོག་ཐོན་ཁུངས་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་གྱིས་ས་ཁྱོན་སྨི་ངོས་གྲུ་1000བཟུང་བ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་བསྡོམས་འབོར་ལ་སྨི་ངོས་གྲུ་150ཙམ་ཡོད་པར་མ་དངུལ་སྒོར་ཁྲི་86གཏོང་རྩིས་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས་ཤང་དེ་ཡོངས་ཀྱི་ཞིང་འབྲོག་པ་2000ལྷག་ཙམ་གྱི་གཟུགས་པོ་བཀྲུ་བའི་དཀའ་གནད་སེལ་ནས་ས་གནས་ཀྱི་ཞིང་འབྲོག་པའི་བདེ་ཐང་ལེགས་སུ་འགྲོ་རྒྱུ་དང་འབྲེལ་ནད་གཞི་ཕོག་ཉུང་ཚད་འགྲོ་རྒྱུ་རེད། དེ་དང་ཕྱོགས་མཚུངས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་སྣེ་ལེན་གྱི་ཞབས་ཞུའི་ནུས་པ་གསར་སྤེལ་བྱས་ནས་དཔལ་འབྱོར་འབབ་འཕར་ཡོང་བར་མི་མངོན་པའི་སྟོབས་ཤུགས་ངེས་ཅན་ཞིག་ལྡན་ཡོད་པ་རེད།
     ལི་ཐང་རྫོང་གླིང་གེ་སར་ཇུན་གེ་རྟ་གསོ་མཉམ་ལས་ཁང་ནི་གེ་མོ་ཤང་ཞུའེ་ཧྲུའོ་གྲོང་ཚོ་དང་ཚྭ་ཁ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་དཔལ་འབྱོར་ཞིག་ཡིན། མིག་སྔར་མཉམ་ལས་ཁང་གི་རྨང་གཞིའི་སྒྲིག་བཀོད་ལ་སོ་ཕག་ལས་གྲུབ་པའི་རྟ་ར་ཞིག་ཡོད་པ་ལས་རྟ་རྩལ་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ཡུལ་ལེ་ལག་ཚང་པོ་ཞིག་མེད་པར་བརྟེན་རྟ་གསོའི་འབྲེལ་ཡོད་དགོས་མཁོ་སྐོང་དཀའ། རྟ་གསོ་མཉམ་ལས་ཁང་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་བྱེ་མ་ཞིབ་ཞིབ་འདིང་བའི་རྒྱ་ཁྱོན་སྨི་ངོས་གྲུ་8000ཙམ་ཟིན་རྒྱུར་མ་དངུལ་སྒོར་ཁྲི་25གཏོང་རྒྱུ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་དུད་ཚང་དབུལ་པོའི་མི་ལ་ལས་ཀ་རག་ནས་ཡོང་འབབ་བྱུང་བ་དང་ཆབས་ཅིག ཁེ་བཟང་ཡང་བགོ་བཤའ་རྒྱག་རྒྱུ་མ་ཟད། ཁྲོམ་རའི་སྒོ་མོ་འབྱེད་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་དེ་བཞིན་ཡུན་ནན་ཞིང་ཆེན་སོགས་ཀྱི་ས་ཆ་མང་པོར་རྟ་བཙོངས་ནས་ཁེ་བཟང་རག་ཐབས་བྱ་རྒྱུ་རེད།
      ལི་ཐང་རྫོང་མཐོ་གྲོང་གྲོང་རྡལ་ཐི་ར་གསར་པ་གྲོང་སྡེ་དང་པོའི་སྲོལ་རྒྱུན་སྒོར་གཞས་དམངས་སྲོལ་གཉེན་སྟོན་ཀུང་སི་ནི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་དཔལ་འབྱོར་ཡིན་པ་དང་མིག་སྔར་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བའི་བྱེད་ནུས་ལེ་ལག་ཚང་པོ་མེད་པར་བརྟེན་གཉེན་སྟོན་ཞབས་ཞུའི་འབྲེལ་ཡོད་དགོས་མཁོ་སྐོང་ཐབས་བྲལ་ཡོད། ཐི་ར་གསར་པ་གྲོང་སྡེ་དང་པོའི་སྲོལ་རྒྱུན་གྱི་སྒོར་གཞས་དམངས་སྲོལ་གཉེན་སྟོན་ཀུང་སི་བསྐྲུན་རྗེས་དུད་ཚང་དབུལ་པོའི་མི་གླས་ནས་ཀུང་སིར་ལས་ཀ་བྱེད་དུ་བཅུག་སྟེ་ལི་ཐང་རྫོང་གི་སྔར་ལོའི་གཉེན་སྟོན་ཁྲོམ་རའི་ཚོད་རྩིས་ལ་གཞིགས་ན། ལོ་ལྟར་གཉེན་སྟོན་ཐེངས་གྲངས་30ཙམ་ལ་སྣེ་ལེན་ཞུ་དགོས་ལ་སྒོར་ཁྲི་15ཙམ་གྱི་ཡོང་འབབ་བགོ་བཤའ་ཡང་རྒྱག་རྒྱུ་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1