གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༣༠ཉིན།

གནས་རི་བསྐོར་ཏེ་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ།


      གནས་རི་བསྐོར་བ་དང་རི་བསང་ཕུད་པ། གསོལ་བ་འདེབས་པ། སྒར་ཁ་རྒྱག་པ། སྐར་མར་ལྟ་བ། མེས་རྒྱལ་ལ་སྨོན་འདུན་ཞུ་བ་སོགས་ལོ་ངོ་སྟོང་གི་སྲོལ་རྒྱུན་རིག་གནས་དང་དར་སྲོལ་ཆེ་བའི་ཕྱི་རོལ་གྱི་ལུས་རྩལ། རབ་ཏུ་འཕེལ་བའི་རྒྱལ་གཅེས་ཀྱི་སྤྲོ་སེམས་སོགས། ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་ང་ཚོའི་སྐུ་བླ་རི་བོར་བསྐོར་ནས་དུས་ཆེན་ལ་མཉམ་དུ་རོལ།
      ཟླ་6པའི་ཚེས་6ཉིན(ལུགས་རྙིང་གི་ཟླ་5པའི་ཚེས་4ཉིན།)ཀྲུང་གུང་བཙན་ལྷ་རྫོང་ཨུ་དང་། བཙན་ལྷ་རྫོང་མི་དམངས་སྲིད་གཞུང་། སྐུ་བླ་རི་བོའི་ལྗོངས་ཁུལ་དོ་དམ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པའི་2019ལོའི་བཙན་ལྷ་རྫོང་སྐུ་བླ་རི་བོའི་སྲོལ་རྒྱུན་གནས་བསྐོར་འདུ་ཚོགས་གཟབ་རྒྱས་ངང་སྤེལ་ཞིང་། ལོ་རེའི་ལུགས་རྙིང་གི་ཟླ་ལྔ་པའི་ཚེས་བཞི་ཉིན་གྱི་གནས་བསྐོར་འདུ་ཚོགས་ནི་ས་གནས་མང་ཚོགས་ཀྱི་སེམས་སྟེང་གི་ཆེས་བླ་ན་མེད་པ་དང་ཆེས་གལ་ཆེ་བའི་དུས་ཆེན་ཞིག་རེད། ཚང་མས་ཉིན་དེར་གཟབ་མཆོར་ལེགས་པར་སྤྲས་ཏེ་བཀྲ་ཤིས་ཁ་དར་རིང་མོ་སྐུ་བླ་རི་བོར་འཐེན་ལ། ཆེས་སྲོལ་རྒྱུན་དང་ཆེས་བརྗིད་ཉམས་ལྡན་པའི་མཛད་སྒོ་དང་དགའ་སྤྲོའི་གླུ་གར་ལ་རོལ་ཞིང་། གནས་ཆེན་སྐུ་བླ་རི་བོར་ལོ་ལེགས་བཀྲ་ཤིས་ཡོང་བའི་སྨོན་ལམ་ཡང་འདེབས་པའོ།།    


    སྐུ་བླའི་མཚན་མོ་ཞེས་པའི་མི་སྟོང་གི་སྒར་སྡོད་བྱེད་སྒོ་གནས་རིའི་མདུན་ཐང་དུ་སྤེལ་རྒྱུ་རེད་ལ། སྒར་སྡོད་འདུ་ཚོགས་སུ་རིང་རྒྱུག་དང་ཐའེ་ཅི་རྩལ་ནུས་སོགས་སྤྲོ་གསེང་ལུས་རྩལ་རྣམ་གྲངས་དང་རྒྱལ་རོང་གི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་དང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་རེད།  



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1