གངས་ལྗོངས་སྦྲག་ལམ་གྱི་ཕོ་ཉ་ཞེས་པའི་དཔེ་དེབ་གསར་པ་དཔར་དུ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-29


༼གངས་ལྗོངས་སྦྲག་ལམ་གྱི་ཕོ་ཉ༽ཞེས་པའི་དཔེ་དེབ་གསར་པ་དཔར་དུ་བསྐྲུན།

        ཉེ་ཆར། སི་ཁྲོན་ཞིང་ཆེན་སྦྲག་སྲིད་སྤྱི་ཁྱབ་སྤྱི་གཉེར་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས་ཇུས་འགོད་དང་གསར་རྩོམ་བྱས་པའི་དངོས་བྲིས་རྩོམ་རིག་འབྲིང་གྲས༼གངས་ལྗོངས་སྦྲག་ལམ་གྱི་ཕོ་ཉ་སྟེ__དུས་རབས་ཀྱི་མིག་དཔེ་འཆི་མེད་རྡོ་རྗེ༽ཞེས་པ་དངོས་སུ་དཔེ་སྐྲུན་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་དུ་འགྲེམ་སྤེལ་བྱ་རྒྱུ་རེད།

༼གངས་ལྗོངས་སྦྲག་ལམ་གྱི་ཕོ་ཉ༽ཞེས་པའི་དཔེ་དེབ་གསར་པ་དཔར་དུ་བསྐྲུན།

        རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་སི་ཁྲོན་ཞིང་ཆེན་སྦྲག་སྲིད་སྤྱི་ཁྱབ་སྤྱི་གཉེར་ཁང་གིས་དཔྱད་གཞིའི་ཡིག་ཆ་ཞིབ་ཕྲ་མཁོ་འདོན་བྱས་པ་དང་། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཐོང་ཆེན་བྱས་ཏེ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་གསར་འགོད་པ་ཉམས་མྱོང་ཅན3བཏང་ནས་སྔ་རྗེས་སུ་ཁྲེང་ཏུའུ་དང་ཧྲོང་ལིའུ། དར་མདོ། དཀར་མཛེས། སྡེ་དགེ་བཅས་ས་གནས་མང་པོར་བསྐྱོད་དེ་འཆི་མེད་རྡོ་རྗེ་དང་ཁོང་གི་ཁྱིམ་མི། གཉེན་ཉེ། ལས་གྲོགས། གྲོགས་པོ། འགོ་ཁྲིད་སོགས་མི་བཅུ་ལྷག་ལ་ཡུལ་དངོས་སུ་འཚམས་འདྲི་ཐེངས་མང་བྱས་པ་དང་། ཟིན་ཐོ་ཡིག་འབྲུ་ཁྲི4ལྷག་ཙམ་བྲིས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འཕྲིན་སྦྱོར་དང་། རིམ་པ་ཁག་དང་སྡེ་ཁག་སོ་སོའི་སྒྲོག་སྤེལ་ཡིག་ཆ་བརྒྱ་ཙམ་ལྟ་ཀློག་བྱས་ཤིང་། 

༼གངས་ལྗོངས་སྦྲག་ལམ་གྱི་ཕོ་ཉ༽ཞེས་པའི་དཔེ་དེབ་གསར་པ་དཔར་དུ་བསྐྲུན།

        ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བ་ནས་བཟུང་། བོད་ཁུལ་ས་ཆ་སོ་སོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་གསོན་ཉམས་ལྡན་པའི་དངོས་ཡོད་ལག་ལེན་གྱིས་ཟུར་དུ་བརྒྱན་ནས་དབུལ་ཐར་འགག་སྒྲོལ་གྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་གཅིག་ཡ་གཅིག་ལན་བྱས་ཡོད། སྔ་རྗེས་སུ་ཟླ3རིང་ལ་བཟོ་བཅོས་ཐེངས་མང་བརྒྱབ་སྟེ་མཐར་ཡིག་འབྲུ་ཁྲི3ལྷག་དང་། ལེའུ་བཞི་ལ་བགོས་ནས་རྒྱས་འཕྲིན་དང་ཟུར་བྲིས། སྙན་ངག ལྷུག་རྩོམ་སོགས་རྩོམ་ལུས་སྣ་ཚོགས་ཀྱིས་གྲུབ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1