གནམ་མཚོ་ཤང་གི་འབྲོག་པ་མང་ཚོགས600ལྷག་གིས་པེ་ཅིང་གི་རིགས་གཅིག་མཁས་ཅན་གྱི་འོས་འགན་སྨན་བཅོས་དང་ལེན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-31



          ཟླ5པའི་ཚེས28ཉིན་གྱི་སྔ་དྲོ།“སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་འོས་འགན་སྨན་བཅོས་ཚོགས་པ་གནམ་མཚོ་ཤང་དུ་བསྐྱོད་ནས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ལ་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་བ་རེད། 

འདི་ནི་འོས་འགན་སྨན་བཅོས་བྱ་ཡུལ་དུ་གྲལ་བསྒྲིགས་ནས་ངང་སྒུག་བྱེད་པའི་འབྲོག་པ་མང་ཚོགས་རེད།
འདི་ནི་འོས་འགན་སྨན་བཅོས་བྱ་ཡུལ་དུ་གྲལ་བསྒྲིགས་ནས་ངང་སྒུག་བྱེད་པའི་འབྲོག་པ་མང་ཚོགས་རེད།
          གནམ་མཚོ་ཤང་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་བྱང་ངོས་ཀྱི་སྤྱི་ལེ30མཚམས་སུ་ཡོད་པ་དང་། ས་བབ་ཀྱི་མཐོ་ཚད་སྨི5100ཡོད་པའི་ལ་རྒན་ལའི་བྱང་རྒྱུད་དུ་གནས་ཡོད་ཅིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4830ཡོད་པ་དང་མི་འབོར5400ལྷག་ཙམ་ཡོད་པ་རེད། དེར་མིང་དུ་གྲགས་པའི་གནམ་མཚོ་ཡོད། མཁའ་རླུང་གི་ཆ་སྙོམས་ཀྱི་གསོ་རླུང་འདུས་ཚད་དེ་བདེ་ཐང་ས་ཁུལ་གྱི40%ཙམ་ལས་མེད་པས་ལོ་ཧྲིལ་བོར་མཐོ་གྲང་ཡིན་ཞིང་ས་མཐོའི་ནད་རིགས་མང་པོ་ཡོད། 
འདི་ནི་ཐོ་འགོད་བྱེད་བཞིན་པའི་འབྲོག་པ་མང་ཚོགས་རེད།
འདི་ནི་མཁའ་འགྲུལ་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲེང་ཅ་ཕིང་གིས་ནད་པར་སྨན་ཐོ་འབྲི་བཞིན་པའི་རྣམ་པ་རེད།
          ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།  ཤང་དེ་ཡོངས་ཀྱི་ཁོངས་སུ་གནམ་མཚོ་དང་། དྭགས་པོ། སེ་ཏི། ཇ་གར་བཅས་གྲོང་ཚོ་ཨུ་ལྷན་བཞི་ཡོད་ཅིང་། གྲོང་ཚོའི་འཕྲོད་བསྟེན་ཁང4དང་གྲོང་ཚོའི་སྨན་པ6ཡོད་པ་རེད། གནམ་མཚོ་ཤང་འཕྲོད་བསྟེན་ཁང་དུ་མིག་སྔར་བོད་ལུགས་སྨན་པ་གཅིག་དང་། ལས་གཉེར་སྨན་པ་གཅིག ལས་རོགས་སྨན་པ་གཉིས་དང་། ནད་གཡོག་གཅིག་བཅས་ཡོད་པས་ཤང་ཧྲིལ་པོའི་སྨན་བཅོས་ཀྱི་སྟོབས་ཤུགས་བལྟོས་བཅས་ཀྱི་ཅུང་ཞན་པོ་ཡོད། 
འདི་ནི་འབྲོག་པ་མང་ཚོགས་ཀྱིས་གྲལ་བསྒྲིགས་ནས་སྨན་ལེན་བཞིན་པའི་རྣམ་པ་རེད།

འདི་ནི་འབྲོག་པ་མང་ཚོགས་ཀྱིས་སྨན་ཇི་ལྟར་བཀོལ་སྤྱོད་བྱེད་པར་འདྲི་རྩད་བྱེད་བཞིན་པའི་རྣམ་པ་རེད།
          གནམ་མཚོ་ཤང་ནི་ཐེངས་འདིའི“སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པ་2019ལོར་བོད་ལྗོངས་ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཁྲོད་ཀྱི་ས་བབ་ཆེས་མཐོ་བ་དང་། ཆ་རྐྱེན་ཆེས་སྡུག་པའི་འོས་འགན་སྨན་བཅོས་ཀྱི་ལྟེ་གནས་ཡིན་ཞིང་། པེ་ཅིང་ནས་ཕེབས་པའི་རིགས་གཅིག་ཆེད་མཁས་པས་རྫ་དུག་ཁྱད་དུ་བསད་ནས་ཤང་ཡོངས་ཀྱི་འབྲོག་པ་མང་ཚོགས600ལྷག་ལ་ཡུལ་དངོས་ཀྱིས་སྨན་བཅོས་བྱས།
འདི་ནི་འཕྲལ་སྡོམ་སྤྱི་ཁྱབ་སྨན་ཁང་གི་ཁོག་ནད་ཚན་ཁག་གི་སྨན་པ་ཀྲང་ཆིང་ཅུན་གྱིས་འབྲོག་པ་མང་ཚོགས་ལ་སྨན་ཐོ་འབྲི་བཞིན་པའི་རྣམ་པ་རེད།
          “ཐེངས་འདི་ནི་ང་རང་ཐེངས་དང་པོར‘སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད’ཅེས་པའི་སྤྱི་ཕན་བྱེད་སྒོར་ཞུགས་པ་ཡིན་ཞིང་། བྱེད་སྒོའི་ཁྲོད་ངས་ས་མཐོའི་ས་ཁུལ་གྱི་སྨན་བཅོས་ཀྱི་ཆ་རྐྱེན་ཅུང་རྗེས་ལུས་ཡིན་པའི་གནས་བབ་དང་འབྲོག་པ་མང་ཚོགས་ཀྱིས་སྨན་བཅོས་རྒྱུན་ཤེས་མི་འདང་བ་རྟོགས་པར་མ་ཟད། ང་ཚོར་རང་ཉིད་ཀྱི་ལག་རྩལ་དེ་བས་ལེགས་པོའི་སྒོ་ནས་ཁྱབ་གདལ་དུ་གཏོང་བའི་འོས་འགན་དང་འགན་འཁྲི་ཡོད།  ནད་བརྟག་སྨན་བཅོས་བྱེད་པའི་གོ་རིམ་ཁྲོད། ང་ལ་བག་ཆགས་ཟབ་མོ་ཞིག་ཡོད་པ་ནི། གནས་འདི་གའི་ཕོ་བའི་ནད་འབྱུང་ཚད་ཅུང་མཐོ་སྟེ། མི་དར་མ་ཙམ་མ་ཡིན་པར་ལོ་བཅུ་གྲངས་ལ་སོན་པའི་བྱིས་པར་ཡང་ཕོ་ནད་བྱུང་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ས་དེ་གའི་མང་ཚོགས་ཀྱིས་གཙོ་བོ་ཤ་རིགས་ཟ་བ་ཡིན་པས་འབུ་ཕྲ་འགོས་སླ་པོ་ཡོད། དེར་བརྟེན་ང་ཚོས་འཇུ་བྱེད་མ་ལག་གི་ཤེས་བྱ་ཁྱབ་གདལ་དང་ཆེད་དོན་སྨན་བཅོས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས ”ཞེས་འཕྲལ་སྡོམ་སྤྱི་ཁྱབ་སྨན་ཁང་གི་ཁོག་ནད་ཚན་ཁག་གི་སྨན་པ་ཀྲང་ཆིང་ཅུན་གྱིས་དེ་ལྟར་བཤད། 
འདི་ནི“སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་འོས་འགན་སྨན་བཅོས་ཚོགས་པ་དང་གནམ་མཚོ་ཤང་གི་སྨན་དོན་མི་སྣའི་མཉམ་པར་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1