ཁམས་པ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོ་ལ་ཀྲུང་གོའི་ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་མདོ་འཛིན་པའི་བྱ་དགའ་ཐོབ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-13


           2014ལོའི་སྤྱི་ཟླ་10པའི་ཚེས་12ཉིན་གྱི་དགོང་མོར། སྐབས་བཅུ་པའི་ཀྲུང་གོའི་གསེར་གྱི་གླག་རྒོད་རྟགས་མའི་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དང་། སྐབས་27པའི་གསེར་གྱི་གླག་རྒོད་རྟགས་མའི་བྱ་དགའ་གནང་བའི་མཛད་སྒོ་འཚོགས་ཤིང་། ཐེངས་འདིའི་མཛད་སྒོའི་ནང་། ལྟད་མོ་བས་ཆེས་དགའ་བསུ་ཐོབ་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་གྱི་འཁྲབ་སྟོན་པ་དང་། ལྟད་མོ་བས་ཆེས་དགའ་བསུ་ཐོབ་པའི་ཀང་ཨོ་བརྙན་འཕྲིན་གྱི་འཁྲབ་སྟོན་པ། དེ་མིན་ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་མདོ་འཛིན་པ། དེ་མིན་ཆེས་ཕུལ་དུ་བྱུང་བའི་་བརྙན་འཕྲིན་ཟློས་གར་སོགས་ཀྱི་བྱ་དགའི་རྣམ་གྲངས་རིགས་ཡོད་ལ། ཁམས་པའི་བརྙན་འཕྲིན་ཁང་གི་ལེ་ཚན་མདོ་འཛིན་པ་འཆི་མེད་དབང་མོ་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་མདོ་འཕྲིན་པ་ཀྲོའུ་ཞུན་གཉིས་ལ། ཆེས་ཕུལ་དུ་བྱུང་བའི་བརྙན་འཕྲིན་ལེ་ཚན་མདོ་འཛིན་པའི་བྱ་དགའི་མཚན་སྙན་ཐོབ་ཡོད།


             འཆི་མེད་དབང་མོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་མི་ཉག་སྐྱ་གད་ཡུལ་དུ་སྐྱེས་ཤིང་།  2002ལོར་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན། 2009ལོར་དར་མདོ་རྫོང་བརྙན་འཕྲིན་ཁང་ནས་ཁམས་པའི་བརྙན་འཕྲིན་ཁང་དུ་ ལས་གནས་སྤོས་ཏེ་གཙོ་བོ་མདོ་འཛིན་པ་དང་གསར་འགོད་པ། རྒྱ་བོད་ལོ་ཙཱ་སོགས་ཀྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1