བོད་ལྗོངས་ཀྱི་བྱིས་གཉོར་ཁང་དང་སློབ་ཆུང་སོ་སོས་རིག་རྩལ་བྱ་འགུལ་སྤེལ་ཏེ་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-03


འདི་ནི་ལྷ་ས་གྲོང་ཁྱེར་ན་གཞོན་བྱ་འགུལ་ལྟེ་གནས་ཀྱི་བྱིས་པས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།
          ཟླ5བའི་ཚེས28ཉིན་ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཕུགས་འདུན་ལྡན་པའི་གཤིས་བཟང་ན་གཞོན་འདེམས་བསྐོ་གཟེངས་བསྟོད་བྱ་འགུལ་དང་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་གྱིས་ན་གཞོན་བྱ་འགུལ་ལྟེ་གནས་སུ་སྤེལ་བ་དང་། ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་སོ་སོ་དང་ལྷ་ས་གྲོང་ཁྱེར་ན་གཞོན་བྱ་འགུལ་ལྟེ་གནས་ཀྱི་འཛིན་གྲྭ་སོ་སོས་བརྗོད་བྱ་འབུར་དུ་ཐོན་ཞིང་རྣམ་པ་གསར་བའི་བྱིས་པའི་འཁྲབ་ཚན༡༥འཁྲབ་སྟོན་བྱས་པ་རེད།
       འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བྱིས་གཉོར་ཁང་གི་དགེ་སློབ་རྣམས་ཀྱིས《ཐང་ཟན་བླ་མའི་རྟོགས་བརྗོད》ཅེས་པའི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། བོད་ལྗོངས་ཀྱི་བྱིས་གཉོར་ཁང་དང་སློབ་ཆུང་སོ་སོས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་བྱ་གཙོ་བྱས་པའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་སྦྲེལ་བྱས་ཏེ། ཕུན་སུམ་ཚོགས་པའི་རིག་རྩལ་བྱ་འགུལ་སྤེལ་ནས་རང་གི་དུས་ཆེན་ལ་རྟེན་འབྲེལ་ཞུས། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1