གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༣ཉིན།

ཞི་ཅིན་ཕིང་གིས་ཨོ་མིན་ཧའོ་ཅང་སློབ་འབྲིང་གི་ཟུར་གཏོགས་དབྱིན་ཚེ་སློབ་གྲྭའི་སློབ་མར་འཕྲིན་ལན་བསྐུར།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་མིན་ཧའོ་ཅང་སློབ་འབྲིང་གི་ཟུར་གཏོགས་དབྱིན་ཚེ་སློབ་གྲྭའི་སློབ་མར་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་ལྷག་བསམ་རྣམ་དག་སྒོས་སྐུལ་མ་བཏང་བར་མ་ཟད་ཁོ་ཚོ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་ཀྱིས་དྲུག་གཅིག་དུས་ཆེན་སྐྱིད་པོ་ཞིག་རོལ་བར་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་བསྐུར་བའི་འཕྲིན་ལན་ནང་གསུངས་རྒྱུར། ཁྱོད་ཚོས་བྲིས་པའི་རི་མོ་མཛེས་ཤིང་བཤད་པའི་སྐད་ཆ་རྣམ་དག་ཡིན་པས། གྲོགས་པོ་ཆུང་ཆུང་རྣམས་ཀྱི་རེ་འདུན་དྲག་པོ་མཚོན་པར་བྱས་ཡོད། མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུའི་རིང་ལ་ཨོ་མིན་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་ཨོ་མིན་སྤུན་ཟླའི་བྱ་བ་དང་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་བཞིན་ཡོད། ཁྱོད་ཚོ་ནི་མེས་རྒྱལ་གྱི་མེ་ཏོག་དང་ཨོ་མིན་གྱི་མ་འོངས་པ་ཡིན། སློབ་མ་རྣམས་ཀྱིས་སློབ་གཙོ་རྒན་པ་ཏུའུ་ལན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་རྒྱལ་གཅེས་ཨོ་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱེད་པ་དང་། དུས་སྐབས་བཟང་བོར་གཅེས་སྤྲས་དང་སྡུག་རུས་སྒོས་སློབ་སྦྱོང་བྱེད་པ། བདེ་ཐང་ངང་འཚར་ལོངས་བྱུང་ནས་ཨོ་མིན་འཛུགས་སྐྲུན་དང་ཀྲུང་ཧྭ་དར་སྤེལ་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
        ཧའོ་ཅང་སློབ་འབྲིང་ནི་གཅིག་དགུ་སོ་གཉིས་ལོར་བཙུགས་ཤིང་། རྒྱལ་གཅེས་ཨོ་གཅེས་དང་སྤྱི་ཚོགས་ལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་ནི་སློབ་སྒྲུབ་དམིགས་འབེན་ཡིན་ལ། ཨོ་མིན་གྱི་སློབ་འབྲིང་དང་སློབ་ཆུང་སློབ་མའི་མི་གྲངས་ཆེས་མང་བའི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་དེར་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ལྡན་པ་དང་། གཅིག་དགུ་ཞེ་དགུ་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སྐབས་དེའི་སློབ་གཙོ་ཏུའུ་ལན་གྱིས་དགེ་སློབ་རྣམས་ཁྲིད་དེ་སྐར་ལྔའི་དར་དམར་དང་པོ་ཡར་སྒྲེང། ཉེ་ལམ། ཧའོ་ཅང་སློབ་འབྲིང་གི་ཟུར་གཏོགས་དབྱིན་ཚེ་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ཁོ་ཚོས་མ་ཡུམ་མེས་རྒྱལ་གྱི་གོ་དོན་ལ་རྒྱུས་ལོན་ཚད་རྒྱུས་བཤད་བྱས་པ་དང་། འཚར་ལོངས་བྱུང་རྗེས་མེས་རྒྱལ་དང་ཨོ་མིན་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་མཚོན་པར་བྱས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1