ཁམས་པའི་གྲོང་ཚོ་ཨང་དང་པོ་ཤ་རྭ་ཐང་དུ་ཕྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-03



              【སྒྲིག་པ་པོའི་ཆེད་འགོད】 1950ལོར། གསར་དུ་སྐྱེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅིངས་འགྲོལ་གྱི་དགའ་སྤྲོའི་ཁྲོད་དུ་གནས་ཤིང་། རྒྱལ་ཡོངས་མི་དམངས་ཀྱིས་མེས་རྒྱལ་འཛུགས་སྐྲུན་བྱེད་ཆེད་དཔའ་ངར་ཆེར་བསྐྱེད་ཀྱིས་གྲ་སྒྲིག་བྱེད་བཞིན་ཡོད། སྐབས་དེར་མི་ཁྲི་གཅིག་ལྷག་ཙམ་ཡོད་པའི་དཔུང་ཁག་ཅིག་གིས་གངས་རི་བརྒལ་ཏེ་ཐང་རྒོད་བསྐྱོད་ནས་དྲག་ཏུ་བཞུར་བའི་ཆུ་རྒྱུན་གྱི་ཁྲོད་ནས་མདུན་དུ་བསྐྱོད། ལོ་ངོ69སོང་རྗེས་ཀྱི་དེ་རིང་རླབས་ཆེན་གྱི་མེས་རྒྱལ་ཉིན་རེ་བཞིན་སྟོབས་ཆེར་སོང་ཞིང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་སྔར་བཞིན་རྒྱུན་འཛིན་བྱེད་དགོས་ཀྱི་ཡོད་པས། ང་ཚོ་མཉམ་གཅིག་ཏུ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་དེ་གསར་བརྗེའི་དྲན་ཤེས་ལ་བསྐྱར་དྲན་ཞིག་བྱ། 
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་29ཉིན་གྱི་ཕྱི་དྲོར་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ འི་བྱ་འགུལ་ལ་ཞུགས་པའི་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས་དག་དང་དམག་སྡེ་བཅོ་བརྒྱད་པའི་བུ་རྒྱུད་རྣམས་བྱ་འགུལ་གྱི་ས་ཚིགས་གཉིས་པ་སྟེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་གི་ཤ་རྭ་ཐང་དུ་འབྱོར་ནས་གྲོང་སྡེའི་དམར་པོའི་རིག་གནས་ལ་ལྟ་སྐོར་བརྟག་དཔྱད་བྱས། 
དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས་དག་དང་དམག་སྡེ་བཅོ་བརྒྱད་པའི་བུ་རྒྱུད་རྣམས་ཀྱིས་ཤ་རྭ་ཐང་དུ་མཉམ་པར་བསྐྱོན་པ། 
              ཤ་རྭ་ཐང་གི་ནང་དོན་ནི་ཤ་རྭའི་ཐང་ཞེས་པ་སྟེ། ཡུལ་འདིར་ཤ་བ་ཚེ་རིང་སྐོར་གྱི་ངག་རྒྱུན་ཡིད་དུ་འོང་བ་ཡོད། སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་དཀར་མཛེས་ཁུལ་གྱི་དབུས་བྱང་ཁུལ།  ཆུ་གཙང་ཆུ་བོའི་བྱང་འགྲམ་དུ་ཆགས་པས། ཤ་རྭ་ཐང་རི་བོའི་འདབས་དང་ཆུ་བོའི་འགྲམ་དུ་གནས་ཤིང་ས་ཁོད་ཡངས་ཤིང་ས་རྒྱུ་གཤིན། དེ་བས་བྲག་འགོའི་ནས་སྤུས་ལེགས་དང་ཚོང་རྫས་འབྲུ་རིགས་ཀྱི་ཐོན་སྐྱེད་བྱེད་ས་གཙོ་བོ་ཡིན་ལ། སྔོན་ནས་བཟུང་བྲག་འགོའི་འབྲུ་མཛོད་ཅེས་པའི་སྙན་གྲགས་ཀྱང་ཡོད། 
ཤ་རྭ་ཐང་གྲོང་སྡེའི་སྒོ་བྱང་།
              ཟླ་5པའི་ཚེས་29ཉིན་གྱི་ཕྱི་དྲོར་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ འི་བྱ་འགུལ་ལ་ཞུགས་པའི་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བ་རྒན་གྲས་དག་དང་དམག་སྡེ་བཅོ་བརྒྱད་པའི་བུ་རྒྱུད་རྣམས་བྱ་འགུལ་གྱི་ས་ཚིགས་གཉིས་པ་སྟེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་གི་ཤ་རྭ་ཐང་དུ་འབྱོར་ནས་གྲོང་སྡེའི་དམར་པོའི་རྒྱུས་ལོན་བྱས་པ་ལྟར་ན། དམར་དམག་རྒྱང་བསྐྱོད་བྱེད་སྐབས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཤ་རྭ་ཐང་ནི་ངལ་གསོའི་གནས་དང་རྒྱབ་འདེགས་ཞབས་ཏོག་ས་ཚིགས་གལ་ཆེན་ཡིན། དམར་དམག་གིས་ངལ་གསོ་བྱེད་དུས་ཤ་རྭ་ཐང་ཀྱི་མང་ཚོགས་དང་བརྩེ་བ་ཟབ་མོ་ཆགས།  དམར་དམག་གིས་ཤ་རྭ་ཐང་དུ་དམར་དམག་སློབ་ཆེན་བཙུགས་པ་དང་དམངས་དམག་ལུས་རྩལ་བྱ་འགུལ་རྩ་འཛུགས་བྱས་ཏེ་ཤ་རྭ་ཐང་ཀྱི་མང་ཚོགས་རྣམས་ཀྱི་བསམ་བློར་ཡར་ཐོན་བྱུང་། འདི་ལྟ་བུའི་བོད་རྒྱ་མཐུན་སྒྲིལ་རོགས་རེས་བྱེད་པའི་སྲོལ་རྒྱུན་རྗེས་སུ་མུ་མཐུད་ནས་སྲ་བརྟན་དང་རྒྱུན་འཛིན་བྱུང་སྟེ། ཤ་རྭ་ཐང་ཀྱི་མང་ཚོགས་ཀྱིས་ཏང་ལ་བཀའ་དྲིན་ཞུ་བ་དང་འབད་འཐབ་བྱེད་པའི་བསམ་བློ་ཡང་བུ་རབས་ཚ་རྒྱུད་དུ་རྒྱུན་བཟུང་། ཡུལ་འདིའི་མི་རྣམས་དང་དམར་དམག་འཐབ་མོ་བས་ཐུན་མོང་གིས་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་བརྙན་རིས་ཤིག་བཞེངས་བསྐྲུན་བྱས་ཡོད། 
ཤ་རྭ་ཐང་གྲོང་སྡེའི་ཁང་ཁྱིམ།
              ང་ཚོ་ཤ་རྭ་ཐང་དུ་འབྱོར་དུས་མིག་སྔའི་ཡུལ་ལྗོངས་ལྟ་ན་སྡུག་པོས་ཡིད་སེམས་དབང་མེད་དུ་འཕྲོག་པར་གྱུར། ཆུ་གཙང་ཆུ་བོའི་འགྲམ་ངོགས་བརྒྱུད་ནས་རྡོ་ཟམ་རྙིང་བ་ཞིག་བརྒལ་བ་ན་གྲོང་སྡེར་སླེབས་ ཞིང་། སྣུམ་ལམ་ཞིག་ལོ་ལེགས་པའི་ཞིང་ཁ་ནས་ཤ་རྭ་གྲོང་སྡེར་འཐེན་འདུག སྐད་ཅིག་མར་མིག་མདུན་གྱི་ཡོད་ཚད་ཀྱིས་ཧང་སངས་པར་བྱས་སོང་། འདི་ནི་རྒྱས་སྤྲོས་ཆེ་བའི་གཞིས་ཀ་ཡིན་ནམ། མ་རེད། ཕྱུག་པོ་ཚོའི་ཁང་ཁྱིམ་ཡིན་ནམ། མ་རེད། དེ་དག་ནི་སྡེ་མི་ཕལ་བའི་ཁང་ཁྱིམ་ཞིག་ལས་མ་འདས།
ཤ་རྭ་ཐང་གྲོང་སྡེའི་གསེར་གྱི་ཤ་བའི་ཐང་ཆེན།
              ཡུལ་འདིར་གསེར་གྱི་ཤ་བའི་ཐང་ཆེན་ཡོད་ལ། སྡེ་དམངས་ཀྱི་བྱ་འགུལ་ལྟེ་གནས་ཀྱང་ཡོད། ཡུལ་འདིར་ལྟེ་བའི་སྨན་ཁང་ཡོད་ལ། དམངས་སྲོལ་འབུར་བརྐོས་ཀྱང་ཡོད། ད་དུང་ཐུན་མོང་མ་ཡིན་པའི་གྲོང་སྡེའི་སྡེ་གླུའང་ཡོད། ཡུལ་འདི་གཙང་ལ་གྲལ་དག་ཅིང་། ཡུལ་སྲོལ་བབ་ཆགས་ལ་འདུན་མ་ལེགས། 
ཤ་རྭ་ཐང་གྲོང་སྡེས་བཏབ་པའི་ལུག་མཉེ་མེ་ཏོག
              ཉེ་བའི་ལོ་འགའི་ནང་ཤ་རྭ་ཐང་གྲོང་སྡེས་ཐུན་མོང་མ་ཡིན་པའི་རང་བྱུང་ས་ཁམས་ཀྱི་ཐོན་ཁུངས་བེད་སྤྱད་དེ། དམར་དམག་གི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་བ་དང་། སྲོལ་རྒྱུན་ཞིང་ལས་གོང་སྤེལ་བྱས་པ་དང་དུས་མཚུངས་སུ་ལྟ་སྐོར་ཞིང་ལས་གསར་དུ་བསྐྲུན་ཏེ། སྔོ་ལྗང་ཐོན་ལས་ཡུལ་འདིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས། དཔལ་འབྱོར་འཕེལ་རྒྱས་མཐོང་ཆེན་བྱེད་པ་དང་གཅིག་པར་ཤ་རྭ་ཐང་གྲོང་སྡེའི་སྡེ་དམངས་ཀྱིས་སློབ་གསོ་ལའང་མཐོང་ཆེན་བྱེད་པས། འཇོན་ཐང་ཅན་མང་པོ་ཤ་རྭ་ཐང་གྲོང་སྡེ་ནས་ཕྱིར་བྱུང་ཏེ་ལས་སྟེགས་སྣ་ཚོགས་སུ་བྱ་བ་སྒྲུབ། ཤ་རྭ་ཐང་མཚན་སྙན་རྒྱས་པའི་ཁམས་པའི་གྲོང་སྡེ་ཨང་དང་པོར་གྱུར་པ་དང་། བྲག་འགོ་རྫོང་དུ་ཤ་རྭ་ཐང་གྲོང་སྡེ་ནི་དཔལ་འབྱོར་དང་ཤེས་རིག་འཛུགས་བསྐྲུན་ཕྱོགས་ཡོངས་འཕེལ་རྒྱས་བྱུང་ཡོད་པའི“ཧྭ་ཞི་གྲོང་སྡེ་”ཞེས་པ་ཡང་ཡིན་ནོ།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1