གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༤ཉིན།

བདེན་འཚོལ་དུས་སྐབས་སྟེང་ཞི་ཅིན་ཕིང་གི་ཞང་སྡེ་དར་སྤེལ་འཐབ་ཇུས་དེ་དུས་རབས་གསར་བའི་ཞིང་གསུམ་བྱ་བའི་གཙོ་གནད་དུ་འཛིན་དགོས་ཞེས་པའི་རྩོམ་ཡིག་བཀོད།

        ཟླ་དྲུག་པའི་ཚེས་གཅིག་ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་བཅུ་གཅིག་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཞང་སྡེ་དར་སྤེལ་འཐབ་ཇུས་དེ་དུས་རབས་གསར་བའི་ཞིང་གསུམ་བྱ་བའི་གཙོ་གནད་དུ་འཛིན་དགོས་ཞེས་པའི་རྩོམ་ཡིག་བཀོད།
        རྩོམ་ཡིག་ནང་བསྟན་དོན། ཞང་སྡེ་དར་སྤེལ་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ལས་འགན་ལ་འབྲེལ་བ་ཡོད་པ་དང་། དུས་རབས་གསར་བའི་ཞིང་གསུམ་བྱ་བའི་སྤྱིའི་གཙོ་གནད་ཡིན། ང་ཚོས་འཐབ་ཇུས་གལ་ཆེན་དེ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་དགོས། བསམ་ཕྱོགས་གསལ་བོ་བྱེད་པ་དང་ངོས་འཛིན་ཟབ་མོ་བྱས་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་ཞིང་ལས་ཁྱོན་ཡོངས་ནས་རིམ་འཕར་བྱེད་པ་དང་ཞིང་སྡེ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ། ཞིང་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
        རྩོམ་ཡིག་ནང་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་བསྣན་ནས། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་སྟོབས་དང་ལྡན་པའི་ཆབ་སྲིད་ཁག་ཐེག་འདོན་སྤྲོད་བྱེད་དགོས། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་སྐབས་གཤམ་གྱི་འབྲེལ་བ་འགའ་ཐག་གཅོད་བཟང་བོ་བྱེད་པར་ཡིད་འཇོག་བྱེད་དགོས། གཅིག ཡུན་རིང་དམིགས་འབེན་དང་ཡུན་ཐུང་དམིགས་འབེན་བར་གྱི་འབྲེལ་བ། གཉིས། རིམ་མཐོའི་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་བར་གྱི་འབྲེལ་བ། གསུམ། ཚོང་རའི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་བར་གྱི་འབྲེལ་བ། བཞི། མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བ་དང་འཕེལ་རྒྱས་དུས་སྐབས་དང་མཐུན་པའི་བར་གྱི་འབྲེལ་བ་བཅས་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1