ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྲིད་འཛིན་ཁྲུན་གཅོད་ལམ་ལུགས་ཆ་ཚང་དུ་བཏང་ནས་སྲིད་འཛིན་ཁྲུན་གཅོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-04


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྲིད་འཛིན་ཁྲུན་གཅོད་ལམ་ལུགས་ཆ་ཚང་དུ་བཏང་ནས་སྲིད་འཛིན་ཁྲུན་གཅོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན།
        བསམ་འཆར་ལས་བསྟན་དོན། སྲིད་འཛིན་ཁྲུན་གཅོད་བྱ་བ་སྒྲུབ་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་བྱས་ཏེ། ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པའི་རེ་བ་ལྟར། སྲིད་འཛིན་ཁྲུན་གཅོད་བརྒྱུད་དེ་འགལ་བ་དང་རྩོད་གཞི་ཐག་གཅོད་པའི་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། ཏང་ཨུས་འགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་འཁུར་བ། འགན་ནུས་ལས་ཁུངས་སོ་སོ་གཙོ་གཞི་ཡིན་པའི་སྲིད་འཛིན་ཁྲུན་གཅོད་བྱ་བའི་རྐྱེན་སྲོལ་རིམ་བཞིན་ཆགས་པར་བྱས་ནས། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་འདྲ་མཉམ་དྲང་བདེན། རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་བར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1