དཀར་མཛེས་ཁུལ་ལ་རི་ཀླུང་ལྕགས་ལམ་འགྲིམ་འགྲུལ་ལས་གཞི་བདུན་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ིམི་དམངས་དྲ་བ། སྤེལ་དུས། 06-05


    ཉེ་ཆར། 《སི་ཁྲོན་རི་ཀླུང་ལྕགས་ལམ་འགྲིམ་འགྲུལ་འཆར་འགོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚུལ་སྐོར་གྱི་སྙན་ཞུ(བསམ་འཆར་བསྡུ་ལེན་མ་ཟིན)》ལས་ཤེས་རྟོགས་བྱུང་བར་གཞིགས་ན། རང་རེའི་ཞིང་ཆེན་གྱིས2035ལོར་བསླེབ་སྐབས་རི་ཀླུང་ལྕགས་ཟམ་འགྲིམ་འགྲུལ་གྱིས་རྐང་འཛིན་བྱས་པའི་སི་ཁྲོན་ནུབ་རྒྱུད་ས་མཐོའི་འགྲིམ་འགྲུལ་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་པ་བྱ་དགོས་པ་བཏོན་ཞིང་སི་ཁྲོན་རི་ཀླུང་ལྕགས་ལམ་འགྲིམ་འགྲུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཁྱོན་བསྡོམས26སྦྲེལ་མཐུད་བྱས་ཡོད་ལ། དེའི་ནང་རང་ཁུལ་གྱི་འདབ་པའི་ཉི་སྟེན་དང་ཡིད་ལྷུང་ལྷ་མཚོ།  དགེ་གཉེན། གངས་དཀར་རི་བོ། དུང་དཀར་ལུང་པ།འོད་སྐྱིད་མཚོ་སོགས་ལྗོངས་ཁུལ་ཁོངས་སུ་གཏོགས་པ་དང་། རྫོང་མཁར་དང་འཛམ་གླིང་རིམ་པའི་ཡུལ་སྐོར་ལྗོངས་གནས་ཡོངས་སུ་ཁེབས་པར་མངོན་འགྱུར་བྱུང་ཡོད། འཆར་འགོད་དེ་དུས་རིམ་གཉིས་ལ་ཕྱེ་ནས་ལག་བསྟར་བྱ་རྒྱུ་སྟེ། 2019ལོ་ནས2025ལོ་བར་དང་། 2026ལོ་ནས2035བར་རི་ཀླུང་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག23བསྐྲུན་ཏེ་མ་དངུལ་སྒོར་དུང་ཕྱུར2018བཏང་ནས་ལམ་ཚད་བསྡོམས་འབོར2520kmཡོད་པ་དང་། རང་རེའི་ཞིང་ཆེན་གྱི་ཁུལ་དང་རྫོང118དང་འབྲེལ་བ་ཡོད་པས། སི་ཁྲོན་གྱི་ཁྱད་ཆོས་ཡོད་པ་དང་རྒྱལ་ཡོངས་སུ་གསར་གཏོད་ཐོག་མ། མདུན་ལམ་ཡངས་པ་བཅས་ཀྱི་རི་ཀླུང་ལྕགས་ལམ་འགྲིམ་འགྲུལ་མ་ལག་བསྐྲུན་རྒྱུ་ཡིན་པ་རེད།
    རང་ཁུལ་དང་འབྲེལ་བ་ཡོད་པའི་ལམ་ཐིག་གཙོ་བོ་ནི།ཏུའུ་ཅང་ཡན་ནས་སྐུ་བླ་རི་བོ། དེ་ནས་རོང་བྲག་བར་ཡིན་ལ། སྤྱི་ཡི་རིང་ཚད་ལ་སྤྱི་ལེ235ཡོད་ཅིང་། 2019ལོ་ནས2035ལོ་བར་ལ་ལག་བསྟར་བྱ་རྩིས་ཡིན། ཁྲ་འབྲུག་དགོན་ནས་ཟུང་ཆུ།དེ་ནས་འབར་ཁམས་བར། འབར་ཁམས་ནས་རོང་བྲག དེ་ནས་དར་མདོ་བར་གྱི་ལམ་ཐིག་ལ་སྤྱི་ལེ370ཡོད་ལ། 2025ལོ་ནས2035ལོ་བར་ལག་བསྟར་བྱ་རྩིས་ཡོད་པ་རེད། གངས་དཀར་རི་བོ་དང་དུང་དཀར་ལུང་པའི་རི་ཀླུང་གི་སྤྲོ་གསེང་ཡུལ་སྐོར་ལམ་ཐིག་གསར་བསྐྲུན་བྱ་བར་སྤྱི་ལེ75ཡོད་ལ། 2025ལོ་ནས2035ལོ་བར་ལག་བསྟར་བྱ་རྩིས་ཡོད། ཡིད་ལྷུང་ལྷ་མཚོའི་ལྗོངས་ཁུལ་གྱི་ཡན་ལག་ལམ་ཐིག་སྤྱི་ལེ3ཅན་དེ2019ལོ་ནས2025ལོའི་བར་ལག་བསྟར་བྱ་རྩིས་ཡོད།ལི་ཐང་ནས་འདབ་པ་བར་དང་། དེ་ནས་ཕྱག་ཕྲེང་།ཕྱག་ཕྲེང་ནས་སྡེ་རོང་བར་གྱི་ལམ་ཐིག་ལ་སྤྱི་ལེ230ཡོད་ལ། 2025ལོ་ནས2035ལོ་བར་ལག་བསྟར་བྱ་རྩིས་ཡོད།ཉི་སྟེན་ལྗོངས་ཁུལ་གྱི་ཡན་ལག་ལམ་བུའི་རིང་ཚད་ལ་སྤྱི་ལེ25ཡོད་ལ2019ལོ་ནས2025བར་ལག་བསྟར་བྱ་རྩིས་ཡོད། ལོ་ཁོག་གི་སྤྱི་ལེ་དགུ་བརྒྱའི་ཡུལ་སྐོར་ལམ་ཐིག་གསར་བསྐྲུན་བྱ་བར་སྤྱི་ལེ260ཡོད་ལ2025ནས2035བར་ལག་བསྟར་བྱ་རྩིས་ཡོད་པ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1