རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-05



        ཟླ་6ཚེས་3ཉིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་རེད། བྱེད་སྒོའི་མཚོན་རྟགས་ནི་ཨང་ཀི“70”དང་རྒྱལ་ཁབ་ཀྱི་རྣམ་པ་མཚོན་པའི་རྒྱལ་རྟགས་སྐར་ལྔ། དེ་བཞིན་གནམ་བདེ་སྒོ་མོ་ཆེ་བཅས་རྩ་བར་བཟུང་ནས་ཇུས་འགོད་བྱས་ཡོད་ཅིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་དང་དམ་དུ་སྦྲེལ་ཡོད། བྱེད་སྒོའི་མཚོན་རྟགས་ཁྲོད་དུ། “70”ནི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་ཁ་ཕྱེ་བའི་རྣམ་པ་ཇུས་འགོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་འབུར་དུ་ཐོན་པར་བཅུག་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ཀྲུང་ཧྭ་མི་རིགས་ཀྱིས་འབད་པ་ཆེན་པོས་ལེ་ཚན་གསར་གཏོད་བྱེད་བཞིན་ཡོད་པ་མཚོན། “7”གྱི་བཟོ་བཀོད་ནི་དུས་ཆེན་གྱི་ཚོན་ལྡན་གོས་དར་དང་འདྲ་ཞིང་། གཡོ་འགུལ་གྱི་རྣམ་པ་དང་གསེར་མདོག་གི་རྒྱལ་རྟགས་སྐར་ལྔ། དེ་བཞིན་གནམ་བདེ་སྒོ་མོ་ཆེའི་སྒོར་དབྱིབས་ཀྱི་ཇུས་འགོད་ནི་བརྟན་པོ་དང་གཡོ་བའི་རྣམ་པ་གཉིས་ལས་ཕན་ཚུན་སྤེལ་རེས་ཀྱི་འབྲེལ་བ་ཆགས་པས། ལོ་རྒྱུས་ཀྱི་བརྗིད་ཉམས་ཆེན་པོ་མངོན་པ་ཡོད་པ་མ་ཟད་དུས་ཆེན་གལ་ཆེན་གྱི་དགའ་སྟོན་གྱི་རྣམ་པའང་མཚོན་ཡོད། 

        བྱེད་སྒོའི་མཚོན་རྟགས་ནི་ས་གནས་ཁག་དང་སྡེ་ཁག་སོ་སོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་སའི་སྒྲིག་འགོད་དང་མང་ཚོགས་རང་བཞིན་གྱི་བརྗོད་གཞི་སློབ་གསོའི་བྱེད་སྒོའི་སྤྱོད་ཆས་སྒྲིག་བཟོ་ལ་བེད་སྤྱོད་བྱས་ཆོག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1