ཨ་རིའི་པོ་ཧྲི་ཏུན་གྲོང་ཁྱེར་ལྟེ་བར་མེ་མདའ་རྒྱག་པའི་དོན་རྐྱེན་ཐོན་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-06



     ཨ་རིའི་པའོ་ཧྲི་ཏུན་གྲོང་ཁྱེར་དུ་ཚེས་4ཉིན་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ་རེད།
     པོ་ཧྲི་ཏུན་གྲོང་ཁྱེར་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཝུའེ་ལེན·ཀེ་ལུའོ་སིས་དེ་ཉིན་གསར་འགོད་པའི་ཚོགས་འདུའི་ཐོག་ས་གནས་དེ་གའི་དུས་ཚོད་དེ་ཉིན་སྔ་དྲོའི་ཆུ་ཚོད་11ཙམ་ལ་པོ་ཧྲི་ཏུན་གྱི་འཁྲུག་ཆ་དོད་པའི་ས་ཁོངས་པཱ་ཁེ་པེར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་ཐོན་ཏེ། ལོ་30ནས་40བར་གྱི་སྐྱེས་པ་ཞིག་ལ་མེ་མདའ་མང་པོ་ཕོག་ནས་སྨན་ཁང་དུ་བསྐྱལ་ཡང་བཅོས་མི་ཐུབ་པར་རྐྱེན་ལམ་དུ་ཤོར་བ་རེད་ཅེས་བརྗོད་པ་དང་། ཉེན་རྟོག་པས་ཉེས་གསོག་དོགས་ཡོད་པ་ཞིག་འཛིན་བཟུང་བྱས་ཡོད་ཅེས་བརྗོད།
     ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གྱོད་གཞི་ཐོན་ཡུལ་ནི་པོ་ཧྲི་ཏུན་གྱི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་གྲས་ཤིག་ཡིན་པའི་པོ་ཏེ་ཤིན་ལྟེ་བའི་ཐོག་བརྩེགས་ཁང་ཆེན་གྱི་ཉེ་འགྲམ་དུ་ཡིན་ལ། པོ་ཧྲི་ཏུན་གྱི་ཧྲི་ཀྲང་མ་ཏི·ཨོར་ཧྲིས་ཉིན་མ་ཁ་དཀར་ངོ་དཀར་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ལྟ་བུ་ཐོན་པ་ནི་པོ་ཧྲི་ཏུན་དུ་མཐོང་དཀོན་པ་ཞིག་རེད་ཅེས་བརྗོད།
     པཱ་ཁེ་པེ་ནི་པོ་ཧྲི་ཏུན་གྱི་དར་བཟོ་ཆེ་བའི་ཉོ་སྒྲུབ་རོལ་རྩེད་ཁུལ་ཞིག་ཡིན་ལ། པོ་ཧྲི་ཏུན་གྱི་རིན་གོང་མཐོ་ཤོས་ཀྱི་སྡོད་ཁང་ཁུལ་གྱི་གྲས་ཤིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1