གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༦ཉིན།

སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོའི་གཟིགས་སྐྱོང་ལོངས་སུ་སྤྱོད་མཁན་སི་ཁྲོན་གྱི་སློབ་མ་དབུལ་པོ་800ཙམ་ལས་གནས་ཐོག་བསྐྱོད་པ།


     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། “ལག་རྩལ་པ་ཞིག་གསོ་སྐྱོང་བྱས་ན་ཁྱིམ་ཚང་ཞིག་དབུལ་སྒྲོལ་ཡོང་ཐུབ” ཟླ་5ཚེས་31ཉིན་སི་ཁྲོན་གྱིས་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་800ལྷག་ཙམ་ཁྲེང་ཏུའུ་འཕྲུལ་གློག་བཟོ་སྐྲུན་སློབ་གྲྭ་ཐོན་ཏེ་ལས་གནས་ཐོག་དངོས་སུ་བསྐྱོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་སི་ཁྲོན་གྱིས“ལག་རྩལ་བཟོ་པ་བརྒྱ་ཡི་འདུ་འགོད་ཀྱི་སློབ་གསོའི་དབུལ་སྐྱོར་འཆར་གཞི”ལག་བསྟར་བྱས་ཤིང་། རྣམ་གྲངས་དེས“བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཀྲུང་ཧྭ་ཡི་ལག་རྩལ་པ་གསོ་སྐྱོང”བྱ་རྒྱུ་ལས་འགན་དུ་བརྩིས་ཏེ“ལག་རྩལ་པ་ཞིག་གསོ་སྐྱོང་བྱས་ན་ཁྱིམ་ཚང་ཞིག་དབུལ་སྒྲོལ་ཐུབ”རྒྱུ་དམིགས་ཚད་དུ་བཟུང་ཞིང་། རོགས་སྐྱོར་བྱ་ཡུལ་གཙོ་བོ་ནི“ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི”སློབ་མ་ཡིན་པ་དང་ཁོང་ཚོས་སློབ་ཡོན་མི་དགོས་པ་དང་། སྤུས་ཚད་མཐོ་བའི་ལས་རིགས་སློབ་གསོ་དང་ལེན་བྱས་པ་བརྒྱུད་གནད་སྨིན་དབུལ་སྐྱོར་དང་རིག་ནུས་དབུལ་སྐྱོར་ཐོབ་པ་་དང་དབུལ་པོ་བུ་རབས་ཚ་རྒྱུད་ཀྱི་སྣང་ཚུལ་འགོག་ཐུབ་པ་བྱུང་ཁར། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱུང་ཡོད།
     མིག་སྔའི་བར“ལག་རྩལ་བཟོ་པ་བརྒྱ་ཡི་འདུ་འགོད་ཀྱི་སློབ་གསོའི་དབུལ་སྐྱོར་འཆར་གཞིའི”ནང་ཁྱོན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་1888བདམས་ནས་རྣམ་གྲངས་མཉམ་ལས་ཚན་པ་ཁྲེང་ཏུའུ་འཕྲུལ་གློག་བཟོ་སྐྲུན་སློབ་གྲྭར་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོ་དང་ལེན་བྱས་ཤིང་། སློབ་མ་དེ་དག་ནི་ཞིང་ཆེན་དེའི་རྫོང(གྲོང་ཁྱེར་དང་ཆུས)61ནས་ཡིན་པ་དེའི་ནང་རྒྱ་རིགས་དང་། ལི་རིགས། བོད་རིགས། ཧུད་རིགས། ཆང་རིགས། མེའོ་རིགས་སོགས་མི་རིགས་10ཡོད་པ་རེད། སློབ་གྲྭས་སློབ་མའི་སློབ་ཡོན་དང་། དངོས་སྦྱོང་རིན་པ། ཉལ་ཁང་གི་རིན་པ་སོགས་ཚང་མ་རྩ་ཆག་བཏང་བ་མ་ཟད་། འཚོ་བའི་ཁ་གསབ་དངུལ་ཡང་སྤྲོད་ཀྱི་ཡོད་པ་རེད།
     2019ལོ་ནི་རོགས་སྐྱོར་ཐོབ་མཁན་སློབ་མ་ཁག་དང་པོའི་སློབ་ཐོན་ལོ་ཡིན་ཞིང་། རོགས་སྐྱོར་ཐོབ་མཁན་སློབ་མ་800ཙམ་གྱིས་སློབ་སྦྱོང་དང་། དངོས་སྦྱོང་། ལས་ཐོག་སྦྱོང་བརྡར་བཅས་ཀྱི་ལས་དོན་བདེ་བླག་ངང་གྲུབ་པ་དང་། སློབ་ཐོན་མཛད་སྒོའི་ཐོག་ཚན་རྩལ་དང་། ཡུལ་སྐོར། གློག་རྡུལ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་དང་ཨར་ཁང་དང་གན་རྒྱ་བཞག་པ་རེད། བོད་རིགས་བུ་མོ་ཀན་ཅིན་ཧྥེང་གིས་རོགས་སྐྱོར་ཐོབ་མཁན་སློབ་ཐོན་སློབ་མའི་ཚབ་ཞུས་ཏེ་སེམས་འགུལ་ཐེབས་བཞིན་དུ“ལག་རྩལ་བཟོ་པ་བརྒྱ་ཡི་འདུ་འགོད་སློབ་གསོའི་དབུལ་སྐྱོར་འཆར་གཞི”ལག་བསྟར་བྱས་པ་བརྒྱུད། རྒྱ་ཆེའི་སློབ་མ་དབུལ་པོ་རི་གྲོང་ནས་ཐོན་ཏེ་ཤེས་བྱ་སློབ་སྦྱོང་དང་རྩལ་ནུས་སྦྱོང་བའི་གོ་སྐབས་བཟང་པོ་ཐོབ་ཡོད། ངས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཆེད་ལས་ལག་རྩལ་དགེ་རྒན་དང་། བཟོ་བོ་འཇོན་ཐང་ཅན་ཞིག་བྱ་རྒྱུ་དང་འབྲེལ་ལག་རྩལ་ལ་བརྟེན་ནས་རང་མགོ་འཕེར་ཐུབ་པ་དང་། འཇོན་ཐང་ལྡན་པ། ལས་གཏོད་ཐུབ་པ་བཅས་ཀྱི་ཕུགས་འདུན་བཟང་པོ་མངོན་འགྱུར་བྱ་རྒྱུ་ཡིན་ལ་དུད་ཚང་དབུལ་པོར་རོགས་རམ་དང་ཕ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1