གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༦ཉིན།

ཞི་ཅིན་ཕིང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལ་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱིས་ཏང་ཡོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་འབད་བརྩོན་གྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་པར་མ་ཟད་དེ་ནི་དུས་རབས་གསར་བར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྤོབས་པ་ཆེན་པོས་འགན་འཁྲི་ཁག་ཁུར་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཐད་ནས་རྒྱལ་ཁ་གསར་བ་ལེན་ངེས་ཡིན་ཟེར།
        ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་ལ་གཅིག་འདོམས་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་དང་། ང་ཚོ་ཏང་གིས་མུ་མཐུད་དུ་རང་ཉིད་གསར་བརྗེ་བྱེད་པ་དང་རླབས་ཆེན་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་གཏོང་བ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགན་འཁྲི་ཁག་ཁུར་བྱེད་པ་ནི་ང་ཚོའི་ཏང་གི་ཕྲག་ཏུ་བབས་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། སྤོབས་པ་ཆེན་པོས་འགན་འཁུར་ཁག་ཁུར་བྱེད་པ་དང་ཧུར་ཐག་དང་རང་འགུལ་སྒོས་བྱ་བ་བསྒྲུབ་པ། འཐབ་རྩོད་སྙིང་སྟོབས་སྲུང་འཛིན་བྱེད་པ། སྤོབས་པ་ཆེན་པོས་ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་དེ་ཡིན་ཞེས་གསུངས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་གནད་དང་གནད་དོན་གཙོ་བོར་དམིགས་ཏེ། སྒེར་སེམས་མེད་པའི་སྤོབས་སེམས་བཅངས་པ་དང་སྙིང་སྟོབས་ཆེན་པོས་སྒྲུབ་དཀའ་བའི་བྱ་བ་ཡོད་ཚད་དང་ལེན་བྱེད་པ་ཡིན་ཟེར།
        རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་སྐྲུན་རང་བཞིན་གྱི་བྱ་བ་བསྒྲུབ་པ་དང་།  རིགས་གཞུང་སློབ་སྦྱོང་ལ་འབྲས་བུ་ཐོབ་པར་བྱེད་པ་དང་བསམ་བློ་ཆབ་སྲིད་གཙང་སེལ་བྱེད་པ། ལས་སྒྲུབ་ལས་སྤེལ་ལ་ཁག་ཁུར་བྱེད་ཕོད་པ། དམངས་དོན་ཞབས་ཕྱི་བསྒྲུབ་ཆེད་དུ་དཀའ་གནད་སེལ་བ། སྤྱོད་གཙང་སྲིད་གཙང་ཐད་དཔེ་སྟོན་ནུས་པ་བཏོན་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་འདོན་རྒྱུ་ཡིན་ཟེར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1