གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༦ཉིན།

དཀར་མཛེས་ཁུལ་གྱིས་མཐོ་རྒྱུགས་ལས་དོན་ལེགས་པོར་བསྒྲུབས།

        ཉེ་ཆར།  གསར་འགོད་པས་དཀར་མཛེས་ཁུལ་ཁུལ་ཡོངས་ཀྱི་མཐོ་རྒྱུགས་ལས་དོན་སྙན་ཞུ་ཚོགས་འདུ་སྟེང་རྒྱུས་ལོན་བྱུང་པའི་གནས་ཚུལ་ལ་ལྟར་ན། ད་ལོར་དཀར་མཛེས་ཁུལ་གྱི་སློབ་མ་མི་གྲངས་6983གྱིས་མཐོ་རྒྱུགས་ལ་མིང་ཐོ་བཀོད་ཡོད་པ་རེད།  དར་མདོ་དང་ལྕགས་ཟམ་ཁ། རོང་བྲག་དང་བརྒྱད་ཟིལ།  བྲག་འགོ་དང་དཀར་མཛེས། ཉག་ཆུ་དང་འབའ་ཐང་བཅས་རྫོང་8དུ་རྒྱུགས་ལེན་ས་ཚིགས་བཀོད་སྒྲིག་བྱས་པ་དང་།   འཆར་གཞི་ལྟར་ཁུལ་ཡོངས་ཀྱི་ལས་བྱེད་པ་ 800ལྷག་མཐོ་རྒྱུགས་ལས་དོན་ལ་ཞུགས་རྒྱུ་ཡིན་པ་རེད།  མིག་སྔར།  དཀར་མཛེས་ཁུལ་གྱི་མཐོ་རྒྱུགས་གྲ་སྒྲིག་ལས་དོན་གྱི་ལམ་ལུགས་གནད་དུ་ཁེལ་བ་དང་རྒྱུགས་ལེན་ས་ཚིགས་བདེ་འཇགས་དང་ཚད་ལྡན་ཡིན་པ།  སྒྲིག་ཆས་འཁོར་སྐྱོད་རྒྱུན་ལྡན་ཡིན་པ།  མཐའ་འཁོར་གྱི་ཁོར་ཡུག་ལ་གོ་རིམ་ཡོད་པ་བཅས་མངོན་འགྱུར་བྱས་ཏེ་མཐོ་རྒྱུགས་ལས་ཀའི་གྲ་སྒྲིག་ཡོངས་སུ་འགྲུབ་ཡོད་པ་རེད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1