དོམ་ཁྲ་བཞི་མཚོ་བོད་ས་མཐོར་མཉམ་འཛོམས་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-10


     ཟླ་6ཚེས་5ཉིན། ཁྲེན་ཏུའུ་ནས་ཡིན་པའི་དོམ་ཁྲ་--“ཆི་གོ”དང་“ཡོན་མན་”མཚོ་སྔོན་ཟི་ལིང་གི་ཚའོ་ཅ་པའོ་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་དང་། དེའི་རྗེས། དོམ་ཁྲ་དེ་གཉིས་རླངས་འཁོར་བསྡད་དེ་ཟི་ལིང་གི་མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་དུ་བསྐྱོད་རྒྱུ་དང་། ཟླ་6ཚེས་3ཉིན་འབྱོར་བའི་དོམ་ཁྲ“ཧོ་ཤིང་”དང་“ཧྲོང་ཧོན་”གཉིས་དང་མཉམ་འཛོམས་བྱས་པ་རེད། མ་འོངས་ལོ་3ནང་། མཚོ་སྔོན་གྱིས་དོམ་ཁྲར་དམིགས་ནས་ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1