གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༠ཉིན།

ཞི་ཅིན་ཕིང་ཧྲིན་པིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་སྐབས་ཉེར་གསུམ་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།


ས་དེའི་དུས་ཚོད་ཚེས་བདུན་ཉིན། ཧྲིན་པིས་ཏོ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཚང་འཚོམས་གྲོས་ཚོགས་སྐབས་ཉེར་གསུམ་པ་ཧྲིན་པིས་ཏི་པའོ་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་། ཨུ་རུ་སི་ཙུང་ཐུང་པུའུ་ཅིན། པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་དང་། སི་ལོ་ཝ་ཁེ་ཡི་ཙུང་ལི་པེ་ལའེ་གི་ལིས་ཉི། ཡ་མེ་ཉི་ཡའི་ཙུང་ལི་ཕཱ་ཞི་ཉི་དབྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་སོགས་གྲོས་ཚོགས་ལ་ཞུགས།

        ཧྲིན་པིས་ཏོ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཚང་འཚོམས་གྲོས་ཚོགས་སྐབས་ཉེར་གསུམ་པ་ས་དེའི་དུས་ཚོད་ཚེས་བདུན་ཉིན་ཧྲིན་པིས་ཏི་པའོ་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། པུར་ཀ་རི་ཡའི་ཙུང་ཐུང་ལ་ཏི་ཧྥུའུ་དང་། སི་ལོ་ཝ་ཁེ་ཡི་ཙུང་ལི་པེ་ལའེ་གི་ལིས་ཉི། ཡ་མེ་ཉི་ཡའི་ཙུང་ལི་ཕཱ་ཞི་ཉི་དབྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་སོགས་གྲོས་ཚོགས་ལ་ཞུགས།

        ཞི་ཅིན་ཕིང་གིས་ཁ་བྱང་ལ་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་ཅེས་པའི་ཤིས་ཚིག་ཕུལ་ནས་ནན་གྱིས་བསྟན་དོན། འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ལ་ཁ་གཏད་དེ། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། སྒོ་འབྱེད་སྣ་མང་གི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པ་དང་། ཧུར་ཐག་གིས་ཀུན་ཕན་བཟོད་སྒོམ་གྱི་བདེ་སྐྱིད་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱས་ཏེ། མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་གསར་རྐྱང་ཞིག་བཏོད་འདོད་ཡོད་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན། འཛམ་གླིང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཁག་ཁུར་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་ནམ་ཡང་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམ་བཅའ་ལག་བསྟར་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། 2013ལོར། ངས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་གཞི་བཏོན་པ་དང་། དེའི་དམིགས་འབེན་ནི་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་དེ་ཡིན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་རྒྱུད་རིམ་གཉིས་དམིགས་འབེན་དང་རྩ་དོན། ལག་བསྟར་གྱི་ལམ་བུའི་སྟེང་མཐུན་པོ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དང་ལེན་དང་རྒྱབ་སྐྱོར་ཐོབ། ད་ལོའི་ཟླ་བཞི་བར། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་པེ་ཅིན་ནས་རྒྱལ་ཁའི་ངང་ཚོགས་པ་དང་། ཕྱོགས་སོ་སོས་མཐའ་གཅིག་ཏུ་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོའི་སྤེལ་བ་དང་། ལྗང་མདོག་དང་ཐཱན་ཉུང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་པར་འཐད་པ་བྱུང་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཨུ་རུ་སི་ནི་ཀྲུང་གོས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྤེལ་བའི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། རྒྱུད་གཅིག་ལམ་གཅིག་དང་ཙུང་ཐུང་ཕུའུ་ཅིན་གྱིས་བཏོན་པའི་ཡ་གླིང་དང་ཡོ་རོབ་གླིང་ཆེན་མོའི་གྲོགས་པོའི་འབྲེལ་བའི་འདུ་ཤེས་གཉིས་འབྲེལ་བ་ཡོད་ལ། གྲོས་གཞི་ཆེན་པོ་གཉིས་བར་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་སྐུལ་འདེད། འགལ་མེད་མཉམ་གནས་བྱེད་ཆོག་པ་དང་། ཁུལ་ཁོངས་ཀྱི་དཔྱལ་འབྱོར་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱུན་མཐུད་འཕེལ་རྒྱས་དེ་འཛམ་གླིང་སྟེང་གི་རྒྱལ་ཁབ་མང་ཆེ་ཤས་ཀྱི་ཐུན་མོང་གི་ཞུ་གཏུག་དང་མཐུན་པོ་ཡིན་པ་དང། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་གསར་རྐྱང་ཞིག་བཏོད་འདོད་ཡོད། གཅིག་ནས་ང་ཚོས་མཉམ་གྲོས་མཉམ་འཛུགས་དང་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་སྒོ་འབྱེད་སྣ་མང་གི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། གཉིས་ནས་ང་ཚོས་མི་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་ཀུན་ཕན་བཟོད་སྒོམ་གྱི་བདེ་སྐྱིད་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས། གསུམ་ནས་ང་ཚོས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞི་བདེ་དང་འཕེལ་རྒྱས་གཉིས་སྔར་བཞིན་ད་ལྟའི་དུས་རབས་ཀྱི་བརྗོད་སྙིང་ཡིན་ལ། མིའི་རིགས་ཀྱི་ལས་དབང་སྔ་ན་མེད་པའི་དམ་འབྲེལ་བྱུང་ཡོད་པ་དང་། རྒྱལ་ཁབ་སོ་སོའི་ཁེ་ཕན་སྔ་ན་མེད་པའི་མཉམ་བསྲེས་བྱས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་གསར་བ་དང་འགྲན་རྩོད་གསར་བ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། མིའི་རིགས་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་བསླེབ་ཡོད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ནི་མིག་སྔའི་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱུན་འཁྱོངས་འཕེལ་རྒྱས་ཀྱི་འདུ་ཤེས་སྲུང་འཛིན་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པའི་ཁག་ཁུར་མངོན་པར་བྱེད་པ། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། མཉམ་དུ་སའི་གོ་ལའི་ཡུན་རིང་གི་ཞི་བདེ་ཞོད་འཇགས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་དར་རྒྱས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་ཟེར།
        ཕུའུ་ཅིན་གྱིས་བསྟན་དོན། འཛམ་གླིང་གི་མིག་སྔའི་གནས་བབ་ཐད་ནས་ཀུན་གྱིས་སེམས་ཁྲལ་བྱེད་དགོས་པའི་གནས་ཚུལ་ཐུག་ཡོད་པ་དང་། 2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉེན་ཁ་བྱུང་བའི་ཚུན་དུ། འཛམ་གླིང་དཔལ་འབྱོར་གྱི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་རྩ་བའི་སྟེང་ནས་ཐག་གཅོད་མ་ཐུབ་ལ། རྒྱལ་སྤྱིའི་ཉོ་ཚོང་དེ་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་ནང་སྐྱེས་སྒུལ་ཤུགས་ཡིན་པའི་ཆ་ནས་ཕན་ནུས་ཇེ་ཆུང་དུ་སོང་བ་དང་། སྲུང་སྐྱོབ་རིང་ལུགས་ཀྱི་མགོ་བོ་ཡར་དགྱེ གསར་དར་ཚོང་བའི་རྒྱལ་ཁབ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་ཤན་ཤུགས་ཇེ་ཆེར་སོང་བར་ཁ་གཏད་དེ། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཉོ་ཚོང་འཐབ་འཁྲུག་སློང་བ་དང་དངུལ་རྩའི་བཙན་འཛིན་བྱེད་པ། རྒྱུན་ལྡན་གྱི་སློབ་གསོའི་རིག་གཞུང་བརྗེ་རེས་ལ་བཀག་འགོག་བྱེད་པ་སོགས་ཀྱི་བྱེད་ཐབས་མི་ལེགས་པ་སྤྱད་དེ་བཙན་སྣོན་བྱས། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཚང་མར་རང་ཉིད་ཀྱི་འཕེལ་རྒྱས་ལམ་བུ་གདམ་གསེས་བྱེད་པའི་དབང་ཆ་ཡོད་ལ། རྒྱལ་ཁབ་གང་ལ་ཡང་རང་ཉིད་ཀྱི་འདོད་བློ་མི་གཞན་པའི་སྟེང་བཙན་གྱིས་འཇོག་པའི་དབང་ཆ་མེད། འདྲ་མཉམ་མིན་པའི་རྒྱལ་སྤྱིའི་སྒྲིག་ལམ་གཏན་འཇགས་དང་རྒྱུན་མཐུད་ཡོང་མི་སྲིད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་གི་ལྟ་བའི་རྨང་གཞིའི་སྟེང་རྒྱལ་སྤྱིའི་སྒྲིག་ལམ་་གསར་བ་འཚོལ་ཞིབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྲོག་ཤིང་གོ་གནས་ལ་བརྩི་འཇོག་བྱས་ནས། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་འོས། ཨུ་རུ་སིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། མཐུན་སྒྲིལ་སྒོས་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།
    ཏིང་ཞེའུ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གི་བྱ་འགུལ་ལ་ཞུགས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1