གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

འཇིགས་མེད་དང་ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༠ཉིན།

ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཡོངས་ཀྱི་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ།

        ཕེང་ཆིང་ཧྭ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།  ཏུའུ་ཡུས་ཞིན་གྱིས་ཀྱང་གསུང་བཤད་གནང་།

       དབྱིན་ལི་དང་ཁོ་ཙུན་ཕིང་།  ཀྲང་པའེ་རུའུ།  ཏེང་ཞའོ་ཀང་བཅས་ཚོགས་འདུར་ཞུགས། 


        སྤྱི་ཟླ་6ཚེས་6ཉིན་གྱི་སྔ་དྲོར།  ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཡོངས་ཀྱི་“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདུ་དེ་བརྙན་འཕྲིན་ཚོགས་འདུའི་རྣམ་པ་ལྟར་རྫོང་རིམ་པའི་ཡན་དུ་འཚོགས་ཤིང་།  གྲོང་ཁྱེར་(ཁུལ་)དང་རྫོང་(གྲོང་ཁྱེར་དང་ས་ཁུལ་)དུ་ཡན་ལག་ཚོགས་ར་བཙུགས། ཚོགས་འདུའི་ཐོག་“ཐོག་མའི་བསམ་འདུན་མ་བརྗེད་པར།  འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་།  ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རང་རེའི་ཞིང་ཆེན་གྱིས་“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་དང་བཀོད་སྒྲིག་བྱེད་པ།  《ཀྲུང་གུང་སི་ཁྲོན་ཞིང་ཨུའི་“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོ་དང་འབྲེལ་བའི་ལག་བསྟར་བསམ་འཆར།》ལ་གྲོས་བསྡུར་བྱས།  ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་བཅུ་པའི་ཙུའུ་ཀྲང་ཀྲང་ཏུའུ་ཡུས་ཀྱིས་གཏམ་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་དབྱིན་ལི།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་།  ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ།  ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་བཅས་ཚོགས་འདུར་ཞུགས།

        ཕེང་ཆིང་ཧྭ་ཡིས།  ཏང་ཡོངས་སུ་“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི།  རླབས་ཆེན་གྱི་བྱ་གཞག  །རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲ