གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༢ཉིན།

ཁམས་མི་ཉག་ཕྱོགས་ལ་ལོ2000སྔོན་གྱི་རིག་དངོས་རྙེད་འདུག

ཁམས་མི་ཉག་ཕྱོགས་ལ་ལོ༢༠༠༠སྔོན་གྱི་རིག་དངོས་རྙེད་འདུག

སྤྱི་ཟླ6པའི་ཚེས10ཉིན།  གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན། དར་མདོ་གྲོང་ཁྱེར་སྐྱ་གད་ཡུལ་ཤོག་མཐུལ་དབུས་གྲོང་སྡེའི་གྲོང་མི་ཚེ་དབང་དོན་འགྲུབ་དང་བསོད་ནམས་ཚེ་རིང་། བསམ་གཏན་བཅས་ཀྱིས་ས་རྐོ་བའི་ཚེ་ད་བར་ལོ2000ལྷག་ཡོད་པའི་རྫ་ཆས་དང་ལི་ཆས27རྙེད་པ་དང་། མ་བསྐུལ་དང་ལེན་གྱིས་ཁུལ་རིག་གནས་རིག་དངོས་སྡེ་ཚན་ལ་སྤྲད་པ་རེད།

    རིག་དངོས་འདི་ཚོ་ནི་མཐུལ་དབུས་གྲོང་སྡེ་གནས་ཡུལ་ཏེ་ཉག་ཆུའི་ཡན་ལག་གླིང་ཆུའི་གཡོན་ངོགས་སུ་རྙེད་ཅིང་། ཁ་ཤས་ནི་གྲོང་མིས་ཁང་པའི་རྩིག་གདན་སྔོག་པའི་སྐབས་སུ་ལོན་པ་དང་། ཁ་ཤས་ནི་གྲོང་མིས་ཁང་རྒྱབ་ཏུ་ཞིང་རྨོད་པའི་སྐབས་སུ་ལོན་པ་རེད། རྙེད་ས་གཉིས་ཀྱི་བར་ལ་སྨི200ཙམ་ཡོད་པ་རེད།

  ཁུལ་རིག་དངོས་གཙོ་གཉེར་སྡེ་ཚན་གྱི་ཆེད་རམས་པས་ཡུལ་དངོས་སུ་རྟོག་ཞིབ་བྱེད་དུས། རིག་དངོས་ཐོན་ཡུལ་ས་ཁོངས་ཕྱིར་བསྐངས་ཡོད་ཅིང་མཐའ་སྐོར་གྱི་ཁྱབ་ཁོངས་ལ་གནོད་སྐྱོན་ཡང་ཐེབས་མེད་པ་རེད། རིག་དངོས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་པའི་གྲོང་མི་གསུམ་གྱིས་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་གི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རིག་དངོས་འདི་ཚོ་མ་བསྐུལ་དང་ལེན་གྱིས་རྒྱལ་ཁབ་ལ་ཡར་སྤྲད་པ་རེད།    

ཁུལ་རིག་གནས་རྒྱང་སྒྲོག་དང་ཡུལ་སྐོར་ཅུས་ཀྱི་ལས་སྒྲུབ་མི་སྣ་ལིའུ་ཡུས་པིང་གིས་རིག་དངོས་ཡར་འབུལ་བའི་བྱ་སྤྱོད་འདི་དཀར་མཛེས་ཁུལ་ལ་མཚོན་ན་ཐེངས་དང་པོ་ཡིན་པ་རེད། དེའི་ཐོག་ནས་ཉེ་བའི་ལོ་ཤས་རིང་ལ་འབྲེལ་ཡོད་སྡེ་ཚན་གྱིས་རིག་དངོས་སྲུང་སྐྱོང་བྱེད་ཐབས་ཀྱི་ནུས་པ་ཐོན་ཡོད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་ཡང་མི་སེམས་ལ་འཇགས་ཡོད་པ་ཤེས་ཐུབ་ཅེས་བཤད་པ་རེད།


ཁམས་མི་ཉག་ཕྱོགས་ལ་ལོ༢༠༠༠སྔོན་གྱི་རིག་དངོས་རྙེད་འདུག

ཁམས་མི་ཉག་ཕྱོགས་ལ་ལོ༢༠༠༠སྔོན་གྱི་རིག་དངོས་རྙེད་འདུག

ཁམས་མི་ཉག་ཕྱོགས་ལ་ལོ༢༠༠༠སྔོན་གྱི་རིག་དངོས་རྙེད་འདུག

གྲོང་མི་ཚེ་དབང་དོན་འགྲུབ་ཀྱིས་རིག་དངོས་བཙོང་བ་ཡིན་ན་རང་གི་མེས་པོ་བཙོང་བ་དང་ཁྱད་མེད་ཅེས་བཤད་པ་རེད།

རིག་དངོས27ནང་དུ་རྫ་མ་རྣ་གཉིས་མ་གཅིག་དང་། རྣ་གཅིག་མ་གཉིས། ལི་ཕོར་ཆུང་ངུ20  ཟངས་རྒྱན་གསུམ། ཟངས་ཀྱི་མེ་ལོང་གཅིག  ལིའི་རལ་གྲི་གཅིག་བཅས་ཡོད་པ་རེད།  

རིག་དངོས་ལ་དབྱེ་ཞིབ་དང་ཞིབ་བསྡུར་བྱས་པར་བརྒྱུད། ཆེད་རམས་མི་སྣས་རིག་དངོས་འདི་ཚོ་ནི་ཆིན་ཧན་དུས་རབས་ཀྱི་རྡོ་པུར་ལས་ཐོན་པའི་རིག་དངོས་ཡིན་པ་དང་། ད་བར་ལོ2000ལྷག་ཟིན་ཡོད་པའི་གསལ་འབྱེད་བྱས་པ་རེད། ད་ལྟ་ཁུལ་རིག་དངོས་གཙོ་གཉེར་སྡེ་ཚན་གྱིས་རིག་དངོས་འདི་ཚོ་ཁུལ་མི་རིགས་དངོས་མང་བཤམ་སྟོན་ཁང་དུ་བསྐྱལ་ནས་ཉར་ཚགས་བྱས་ཡོད་པ་རེད།

ཁུལ་རིག་དངོས་ཁང་གི་འགན་ཁུར་མི་སྣས་རིག་དངོས་འདི་ཚོས་རང་ཁུལ་མི་ཉག་ས་ཁུལ་དང་ལྷག་པར་དུ་ཉག་ཆུའི་འབབ་རྒྱུད་ཀྱི་གནའ་བོའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་ཞིབ་འཇུག་བྱེད་པར་དངོས་རྫས་ཀྱི་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་པ་རེད་ཅེས་བཤད།

ཁུལ་རིག་དངོས་གཙོ་གཉེར་སྡེ་ཚན་གྱིས་གྲོང་མི་གསུམ་གྱི་སྤྱོད་པ་བཟང་པོར་ལ་བསྟོད་བསྔགས་བྱས་པ་རེད།


ཁམས་མི་ཉག་ཕྱོགས་ལ་ལོ༢༠༠༠སྔོན་གྱི་རིག་དངོས་རྙེད་འདུག

ཁམས་མི་ཉག་ཕྱོགས་ལ་ལོ༢༠༠༠སྔོན་གྱི་རིག་དངོས་རྙེད་འདུག

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1