ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་སྨྱན་བྱད་སྟེང་མིང་བཀོད་རྩོམ་ཡིག་ཅིག་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 06-13


        ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ཏེ། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པར་མ་ཟད་ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་པའི་སྔོན་ཏག་ཏག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་མི་དམངས་ཚགས་པར་དང་ཧའོ་བཱ་ཨར་རྒྱལ་ཁབ་འཕྲིན་གཏོང་ཁང་དུ་ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་གྱི་མཛའ་མཐུན་འབྲེལ་བར་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་བཀོད།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ཉེར་བདུན་གྱི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་ཡིད་ཆེས་དང་བརྩི་འཇོག་བྱས་པ་དང་། ཁྱབ་ཁོངས་སོ་སོ་ནས་གཉིས་ཕན་མཉམ་ལས་བྱས། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་ཁྱད་སྟོབས་ཁ་གསབ་དང་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱེད་པ་དང་མཉམ་དུ་དར་རྒྱས་སུ་འགྲོ་བའི་བགྲོད་ལམ་ཞིག་ཏུ་བསྐྱོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་གོ་སྐབས་དམ་འཛིན་བྱས་ནས་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད། ང་ཚོས་སྲིད་ཇུས་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱས་ཏེ་མུ་མཐུད་དུ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་ཡིད་འཇོག་བྱེད་པའི་གནད་དོན་ལ་འབྲེལ་བ་ཡོད་པའི་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་བཙུགས་ནས་ལོ་ཉེར་བདུན་གྱི་རིང་ལ། ཨེ་ཤ་ཡའི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་བཞག ཐ་ཅི་ཁི་སི་ཐན་གྱིས་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ཚུན་ལ། ཨེ་ཤ་ཡའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་དང་དེ་མིན་ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཏུའུ་ཧྲང་པེ་མཐོ་རིམ་གྲོས་ཚོགས་འགོ་ཚུགས་ས་གསར་བ་བྱས་ཏེ། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་བདེ་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1