འཛམ་ཐང་རྫོང་ཤུག་ཆ་སྡེ་བས་འཁེལ་འཐག་ལ་བརྟེན་ནས་ཡོང་སྒོ་བཙལ།

བསོད་ནམས་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-13


      དབུལ་བྲལ་གནད་སྒྲོལ་ལས་ཀ་ལེགས་པོར་སྒྲུབ་ཆེད། འཛམ་ཐང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བུག་རྗེས་ཡུལ་ཚོའི་ཏང་སྲིད་གཉིས་ཀྱིས་མཉམ་འབྲེལ་སྒོས་བུག་རྗེས་ཡུལ་ཚོ་ཤུག་ཆ་སྡེ་བའི་བུད་མེད་རྣམས་ལྷན་གཅིག་ཏུ་བསྡུས་ནས་ལག་འཐག་གི་ལས་དོན་སྤེལ།
      ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཐག་ལས་ནི་བུད་མེད་ལ་འཚམ་པའི་ལས་ཀ་ཞིག་ཡིན་ལ། དབུལ་བྲལ་ཕྱུག་འགྱུར་ཐུབ་པའི་ལས་ཀ་ཞིག་ཀྱང་ཡིན། ལྷག་ཏུ་དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་བར་ཕན། བུད་མེད་ཚོས་ལག་འཐག་གི་ལག་རྩལ་བྱང་ཆུབ་པ་སྦྱངས་དགོས་པའི་སྐོར་དང་། ལག་འཐག་ཐོན་རྫས་སྤུས་ལེགས་བདམས་ཚུལ་གླེང་ཞོར་འཐག་བཟོ་སྐལ་ལྷས་མུ་མཐུད་དུ་བློ་རྩེ་གཅིག་སྒྲིམ་གྱིས་འཐག་ལས་བྱས་བྱུང་།
      ཕལ་བའི་ཁྱིམ་ཚང་འདི་དག་དང་མཉམ་དུ་མཉམ་སྐྲུན་མཉམ་སྤྱོད་ཀྱི་བསྒྱུར་བཅོས་གྲུབ་འབྲས་མངོན་འགྱུར་ཡོང་ཆེད། འཛམ་ཐང་རྫོང་གིས་དབུལ་ཕོངས་ལས་ཐར་བ་དང་དབུལ་བྲལ་གནད་སྒྲོལ་གྱི་ཁོར་ཡུག་ལ་ལེགས་བཅོས་བྱས་ཏེ། འཛམ་ཐང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་སྐྱོར་འོག བུད་མེད་ཀྱི་ལག་འཐག་ལས་གཞི་ཆེ་རུ་བཏང་ནས་སྡེ་བ་ཡོངས་ཀྱི་མ་བུ་ཁེར་འདུག་ཅན་གྱི་ཁྱིམ་ཚང་༤དང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་༣༠ལྷག་གི་དཀའ་ངལ་ཐག་བཅད་དེ་སྡེ་བ་འདི་དབུལ་ཕོངས་ལས་བྲལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1