དཀར་མཛེས་ཁུལ་དུAརིམ་པའི་མཛེས་ལྗོངས་ཁུལ་30བསྐྲུན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-14



     དཀར་མཛེས་ཁུལ་དུ་ཡུལ་སྐོར་དང་འབྲེལ་བའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཁེ་ལས་34130ཡོད་པ་དང་། ཡུལ་སྐོར་ལས་རིགས་སུ་ཐད་ཀར་ལས་ཞུགས་ཐུབ་མཁན་ཁྲི་8.3ལྷག་ཙམ་ཟིན་ཡོད།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་“ཐོན་ལས་དམངས་ཕྱུག”འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། དཀར་མཛེས་ཁུལ་ཡིས་2015ལོའི་ལོ་མཇུག་ནས་བཟུང“ཐོན་ལས་དམངས་ཕྱུག”གི་འཐབ་ཇུས་ལག་ལེན་བསྟར་ཚུན། Aརིམ་པའི་མཛེས་ལྗོངས་ཁུལ་30བསྐྲུན་པས་ཡུལ་སྐོར་ལས་རིགས་སུ་ཐད་ཀར་ལས་ཞུགས་ཐུབ་མཁན་ཁྲི་8.3ལྷག་ཙམ་ཟིན་ཡོད་པ་རེད།
      “ཐོན་ལས་དམངས་ཕྱུག”འཐབ་ཇུས་དམ་འཛིན་བྱ་གཞི་གལ་ཆེན་ཞིག་གི་ངོས་ནས། དཀར་མཛེས་ཀྲོའུ་ཡིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔར། Aརིམ་པའི་མཛེས་ལྗོངས་ཁུལ་30བསྐྲུན་པའི་ནང་A5རིམ་པའི་མཛེས་ལྗོངས་ཁུལ་1དང་། A4རིམ་པའི་མཛེས་ལྗོངས་ཁུལ་12 A3རིམ་པའི་མཛེས་ལྗོངས་ཁུལ་16 A2རིམ་པའི་མཛེས་ལྗོངས་ཁུལ་1བཅས་ཡོད། དཀར་མཛེས་ཁུལ་རུ་ཡུལ་སྐོར་དང་འབྲེལ་བའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཁེ་ལས་34130ཡོད་པ་དང་། ཡུལ་སྐོར་ལས་རིགས་སུ་ཐད་ཀར་ལས་ཞུགས་ཐུབ་མཁན་ཁྲི་8.3ལྷག་ཙམ་ཟིན་པ་དང་ཤུགས་སུ་ལས་ཞུགས་ཐུབ་མཁན་ཁྲི་20ལྷག་ཙམ་ཟིན་ཡོད་པ་རེད།
     འདི་ལོ་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་དམིགས་ཚད་གཏོད་པར་དམིགས་ནས་དགེ་གཉེར་གནས་རི་སོགས་གཙོ་གནད་མཛེས་ལྗོངས་ཁུལ་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་། མཛེས་ལྗོངས་ཡག་ཤོས་ཀྱི་ལམ་ཆེན་ཁག་4དང་ལམ་ཐིག་མཛེས་ཤོས་རྩེ་གྲ་ཁག་6ཧུར་ཐག་བསྐྲུན་ཏེ་ཡུལ་སྐོར་ཁོར་ཡུག་དང་། ཡུལ་སྐོར་ཞབས་ཞུ། ཡུལ་སྐོར་གཟུགས་བརྙན་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་2800ལ་སྣེ་ལེན་ཞུས་ཏེ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་308ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1