གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༧ཉིན།

“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”ལ་ཞུགས་པར་ཕེབས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་བོད་ལྗོངས་ལ་རྟོག་ཞིབ་འཚམས་འདྲི་གནང་བ།

 
     རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”ཚེས་14ཉིན་ལྷ་ས་གྲོང་ཁྱེར་དུ་འགོ་ཚུགས་རྒྱུ་ཡིན་པ་རེད།
     ད་ཐེངས་ཀྱི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“‘རྒྱུད་གཅིག་ལམ་གཅིག’དང་བོད་ལྗོངས་སྒོ་དབྱེ་འཕེལ་རྒྱས”ཞེས་པ་དེ་ཡིན། གླེང་སྟེགས་འགོ་མ་ཚུགས་གོང་། རྒྱལ་ཁབ་དང་ས་ཁུལ་37ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་160ཙམ་གྱིས་བོད་ལྗོངས་ཀྱི་ས་གནས་མང་པོར་རྟོག་ཞིབ་དང་འཚམས་འདྲི་གནང་ནས་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་བའི་རིང་ཐོབ་པའི་འཕེལ་རྒྱས་དང་ཡར་ཐོན་མྱོང་ཚོར་གནང་བ་རེད།

     ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་སྐྱིད་དགའ་མོན་པ་གྲོང་ཚོར་བོད་ཤོག་བཟོ་རྩལ་རྒྱུན་འཛིན་དང་གནད་སྨིན་དབུལ་སྒྲོལ་ལས་དོན་ཤེས་རྟོགས་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པར་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་བྱེད་སྒོར་ལྟས་ལ། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་བཀྲ་ཤིས་སྒང་གྲོང་ཚོར་ཁྲོང་ཁེ་བར་སྟོང་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ལ་ལྟ་སྐོར་བྱས་པ་དང་། བྲག་སྐྱིད་གྲོང་ཚོར་ཞིང་འབྲོག་པ་དང་སྤེལ་རེས་བྱས་ནས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་ཤེས་རྟོགས་བྱས་པ་རེད།


     ཉིང་ཁྲི་གྲོང་ཁྱེར་གྱི་ལམ་ཐིག་མཇུག་འགྲིལ་རྗེས། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་ལྷ་ས་གྲོང་ཁྱེར་དུ་མུ་མཐུད་རྟོག་ཞིབ་དང་འཚམས་འདྲི་གནང་བར་ཕེབས་པ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ་བཅས་སུ་བསྐྱོད་དེ་རྒན་གསོ་དང་། བོད་ལུགས་གསོ་རིག དེང་རབས་སློབ་གསོ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ཁོང་ཚོས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་བོད་རང་སྐྱོང་ལྗོངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཡོད།
     ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ད་དུང་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། བར་སྐོར་ཁྲོམ་གཞུང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་བཅས་ལ་ལྟ་སྐོར་བྱས་པ་དང་འབྲེལ། 《འུན་ཤིང་ཀོང་ཇོ་》དངོས་ལྗོངས་ཟློས་གར་ཆེ་གྲས་ལ་བལྟས་ཏེ་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་མྱོང་ཚོར་བྱས་པ་རེད།

     བཀྲ་ཤིས་པའི་ཁ་བཏགས་དཀར་པོ་དང་། སྤྲོ་སྣང་ལྡན་པའི་མི་རིགས་ཀྱི་གླུ་གར། བྲོ་བ་ཞིམ་པའི་ཇ་བསྲུབས་མ་......རྟོག་ཞིབ་འཚམས་འདྲི་བྱེད་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ས་གནས་གང་དུ་སོང་ནའང་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།


     ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་པ་བརྒྱུད། བོད་ལྗོངས་ངོ་མ་ཞིག་དངོས་སུ་མཐོང་བ་དང་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་ཐོབ་པའི་འཕེལ་རྒྱས་དང་ཡར་ཐོན་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་ཞེས་བརྗོད་པ་དང་། ཁོང་ཚོས་གླེང་སྟེགས་ཐོག་ཐབས་འདོན་ཇུས་བགོད་ཧུར་ཐག་བྱས་ནས་གངས་ལྗོངས་ས་མཐོས་དུས་རབས་གསར་པའི་ནང་མུ་མཐུད་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་དང་ཡར་ཐོན་དེ་བས་ཆེ་བ་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1