རིག་གནས་ཀྱིས་བླ་སྲོག་འཛིན་པ་དང་ཡིད་ཆེས་ཀྱིས་ཕུགས་འདུན་སྙེག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-17


     “རིག་གནས་དར་ན་རྒྱལ་ཁབ་དར་བ་དང་། རིག་གནས་སྟོབས་ན་མི་རིགས་སྟོབས།” ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་ལ་མཐོང་ཆེན་ཚད་མཐོན་པོ་གནང་བས། བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་དེ་རྒྱལ་ཡོངས་དང་དུས་མཉམ་དུ་དུས་རབས་གསར་པར་བསྐྱོད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག བོད་ལྗོངས་ཀྱིས་རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དང་རིག་གནས་ཀྱི་རང་རྟོགས་ཆེ་རུ་བཏང་ཞིང་། “ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཏེ། “རིག་གནས་ཀྱི་ལས་དོན་ཆེན་པོ་བརྒྱད”ལག་བསྟར་ཤུགས་ཆེན་བྱས་ནས། རིག་གནས་ལ་བརྟེན་ནས་རང་སྐྱོང་ལྗོངས་སྟོབས་ལྡན་ཡོང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ད་ཆ། སྤྱི་ལེ་གྲུ་བཞི་མ་ཁྲི་120ཡོད་པའི་མཐོ་སྒང་གི་ས་གཞི་ཆེན་མོ་རུ། གང་སར་ཡིད་ཆེས་དང་། སྒོ་དབྱེ། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རིག་གནས་ཀྱི་དྲི་ཞིམ་འཐུལ་ཏེ། འཛམ་གླིང་ཡོངས་ལ་བོད་ལྗོངས་ཀྱི་གཏམ་རྒྱུད་ངོ་མཚར་པོ་བརྗོད་བཞིན་ཡོད། 

 

     རང་ལྗོངས་ཀྱིས་ལོ་རྒྱུས་ཀྱི་རྩ་བ་རྒྱུན་འཛིན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། རིག་གནས་རིག་རྩལ་ལས་དོན་པས་བརྗོད་དོན་གཙོ་བོའི་གླུ་གར་དགོང་ཚོགས་ཆེ་གྲས《གུང་ཁྲན་ཏང་སླེབས་པས་སྡུག་བསྔལ་བདེ་སྐྱིད་དུ་གྱུར》ཞེས་པ་དང་། བརྗོད་དོན་གཙོ་བོའི་དགོང་ཚོགས《ཚོགས་ཆེན་བཅུ་དགུ་པ་བསུ་བ་དང་། ཁ་བཏགས་པེ་ཅིང་ལ་འབུལ》ཞེས་པ་སོགས་སྒྱུ་རྩལ་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་གསར་རྩོམ་བྱས་ཤིང་ཁྱབ་གདལ་བཏང་ཡོད། གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་བྱང་གླིང》ཞེས་པ་དེ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་རྩེ་གྲ་བཅུའི་གསར་རྩོམ་རོགས་སྐྱོར་ལས་དོན་གྱི་གཙོ་གནད་རོགས་སྐྱོར་འཁྲབ་ཚན་ནང་བཅུག་པ་དང་། ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་ཚོགས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《འཛམ་གླིང་ཤུལ་བཞག་མིང་ཐོ་》ནང་བཅུག ལྷ་མོ་དང་། གེ་སར་སྒྲུང་། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད་པ་རེད། 

     རིག་གནས་ཀྱིས་བླ་སྲོག་འཛིན། བོད་ལྗོངས་ཀྱིས་ཡིད་ཆེས་ཆེན་པོས་ཕུགས་འདུན་སྙེག་བཞིན་མདུན་དུ་སྐྱོད་བཞིན་ཡོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1