ཨེ་ཅིབ་ཀྱི་དེ་སྔའི་ཙུང་ཐུང་མུར་ཞི་སྐུ་གྲོངས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-19


     ཟླ་6ཚེས་17ཉིན། ཨེ་ཅིབ་ཀྱི་དེ་སྔའི་ཙུང་ཐུང་མུར་ཞི་རྒྱལ་ས་ཁ་རོ་རུ་སྐུ་གྲོངས་པ་དང་། དགུང་ལོ་67ཡིན། 
    ཨེ་ཅིབ་གཞུང་ཕྱོགས་ཀྱིས《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་མུར་ཞིས་ཞུ་སྦྱོར་ཕྱི་མ་བྱས་ནས་གསང་མྱུལ་གྱོད་དོན་འདྲི་ཞིབ་དང་ལེན་བྱེད་སྐབས་སྐུ་གྲོངས་པ་རེད། 
གནས་འཕྲིན་ལྟར་ན། ཁྲིམས་རར་འདྲི་ཞིབ་བྱེད་སྐབས། མུར་ཞི་ཡིས་གཏམ་བཤད་རྒྱུའི་རེ་བ་ཞུས་པ་དང་ཁྲིམས་དཔོན་གྱི་ཆོག་མཆན་ཡང་ཐོབ། དེ་ནས་མགོ་ཡུ་འཁོར་ནས་ཐང་ལ་འགྱེལ་བས་སྨན་ཁང་དུ་བསྐྱལ་བ་དང་། དེའི་རྒྱུ་རྐྱེན་ནི་སྙིང་ནད་འཕར་བ་རེད་ཟེར། 
    མུའུ་སི་ལིམ་སྤུན་ཟླ་ཚོགས་པའི་ཁོངས་ཡིན་པའི་མུར་ཞི་ནི་2012ལོར་ཨེ་ཅིབ་ཀྱི་ཙུང་ཐུང་ལ་བདམས་པ་རེད། སྲིད་བཟུང་ནས་ལོ་གཅིག་གི་རྗེས་སུ་གཞི་རྒྱ་ཆེ་བའི་མང་ཚོགས་རྔམ་སྟོན་ཁྲོད་དུ་ཨེ་ཅིབ་དམག་ཕྱོགས་ཀྱིས་གོ་གནས་ཕྱིར་འཐེན་བྱས་པ་རེད། མུར་ཞི་གོ་ས་ནས་ཕབ་རྗེས། ཨེ་ཅིབ་དབང་འཛིན་ལས་ཁུངས་ཀྱིས་མུའུ་སི་ལིམ་སྤུན་ཟླ་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོ་རུ་བཀོད་པ་རེད། 2017ལོའི་ཟླ་9པར། ཨེ་ཅིབ་ཆེས་མཐོའི་ཞུ་གཏུག་ཁྲིམས་ཁང་གིས་ཁཱ་ཐར་ལ་རྒྱལ་ཁབ་ཀྱི་གསང་བ་བསྒྲགས་པའི་ཉེས་མིང་ཐོག་ནས། མུར་ཞི་ལོ་25ལ་བཙོན་འཇུག་དང་གོང་གཏུག་བྱ་མི་ཆོག་པའི་ཁྲིམས་ཐག་བཅད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1