ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་དགོན་སྡེར་བཅའ་ཁྲིམས་བསྒྲགས་པ།

འོད་གསལ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19


        དགོན་སྡེའི་གྲྭ་བཙུན་གྱི་བཅའ་ཁྲིམས་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་དད་ལྡན་མང་ཚོགས་སྣེ་ཁྲིད་དེ་ཁྲིམས་བརྩི་བ་དང་ཁྲིམས་སྲུང་བ། ཧུར་ཐག་གིས་ཁྲིམས་སྦྱོང་བ་དང་ཁྲིམས་སྤྱོད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱ་ཆེད། ཉེ་ཆར། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྨེ་བ་དགོན་དང་སྐྱ་མགོ་དགོན་དུ་བཅའ་ཁྲིམས་དགོན་སྡེར་སྒྲོག་པ་དང་བཅའ་ཁྲིམས་གྲྭ་བཙུན་གྱི་སེམས་སུ་ཟུག་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་གི་དྲིལ་སྒྲོག་བྱེད་སྒོ་སྤེལ།
        ད་ཐེངས་ཀྱི་བྱེད་སྒོར། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་དྲིལ་སྒྲོག་ཡིག་ཆ500ལྷག་སྤྲད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག5གསལ་འགྲེལ་བྱས། བྱེད་སྒོ་སྤེལ་བ་བརྒྱུད་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་མཐོ་རུ་བཏང་ཞིང་ཡུལ་དེའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1