གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༡༩ཉིན།

༄༅།། ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་བསགས་ཆ་འཕྲིན་མཛོད་འཛུགས་རྒྱུ་རེད།

        ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ5པའི་ཚེས27ཉིན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ་བཤད་པ་ལྟར་ན།ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་བསགས་ཆ་འཕྲིན་མཛོད་དང་འགན་ཚུད་འདྲི་རྟོག་བཅོས་བསྒྱུར་གཉིས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ལོ་ལྔའི་བཅོས་བསྒྱུར་འཆར་འགོད་ནང་བཞག
        ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིང་དགུ་པའི་ཐིང་ཀྲང་ཧྲི་ཝེ་ཀྲུང་གིས་མཚམས་སྦྱོར་བྱས་པ་ལྟར་ན།ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་གནོད་འཚེ་བཏང་བར་ཁྲིམས་ཆད་ལྗིད་མོ་བཅད་ཡོད།ན་ནིང་ནས་བཟུང་།རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་གནོད་འཚེ་བཏང་བའི་ཉེས་བསགས་པ་ཁྲི5.42ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་།མི་ཁྲི6.76གཏུག་བཤེར་བྱས་པར་མ་ཟད།མིས་ཀྲི་རྫོང་གི་སློབ་མ་གསོད་གཏུབ་གྱོད་དོན་དང་།ཧོན་ཧོང་ལེན་བྱིས་བཅོལ་ཁང་གི་བྱིས་པར་མནར་གཅོད་བཏང་བའི་གྱོད་དོན་སོགས་སྤྱི་ཚོགས་སྟེང་དོ་ཁུར་ཆེན་པོ་བྱེད་ཀྱིན་པའི་ནར་མ་སོན་པའི་མི་ལ་གནོད་འཚེ་བཏང་བའི་ཉེས་བསགས་གྱོད་དོན་མང་པོ་ཞིག་ཉེས་བགྲང་ཞུ་གཏུག་བྱས་པ་རེད།དེ་དང་མཉམ་དུ་ཞིབ་དཔྱོད་ལས་ཁུངས་ཀྱིས་སྣེ་ཁྲིད་སྒོས་ནར་མ་སོན་པའི་མི་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་བསགས་གྱོད་དོན་སྔོན་འགོག་དང་དུས་ལྟར་ཤེས་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།ནར་མ་སོན་པའི་མི་ལ་གནོད་འཚེ་གཏོང་བའི་ཉེས་བསགས་གྱོད་དོན་འབྱུང་སླ་ཞིང་།འབྱུང་ཚད་མཐོ་བའི་ལས་རིགས་དང་ཁྱབ་ཁོངས་ལ་དོ་དམ་བྱེད་པར་ཤུགས་སྣོན་པ།ནར་མ་སོན་པའི་མིའི་སྤྱི་ཕན་གཏུག་བཤེར་ཐད་ཀྱི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ།དེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཤིང་།ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བར་ཆད་གཅོད་དང་སྔོན་འགོག་བྱེད་པའི་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་།
        ནར་མ་སོན་པའི་མིས་ཉེས་པ་བསགས་པར།ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་དོན་སྒྲུབ་སྐབས་བཟོད་སྒོམ་བྱེད་པ་ལས་གུ་ཡངས་སུ་གཏན་ནས་བཏང་མེད།ན་ནིང་ནས་ད་ལོའི་ཟླ4པའི་བར།རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྡོམས་པས་ཉེས་པ་ཅུང་ཚབས་ཆེན་ཡིན་པའི་ནར་མ་སོན་པའི་ཉེས་བསགས་དོགས་ཡོད་མི་སྣ་ཁྲི3.89འཛིན་བཟུང་བྱེད་པར་ཆོག་མཆན་བཀོད་པ་དང་།མི་ཁྲི3.17གཏུག་བཤེར་བྱས་པར་མ་ཟད།དགོས་ངེས་ཀྱི་ཁྲིམས་འཛིན་ཆད་པ་བཅད།ཉེས་བསགས་ཅུང་ཡང་མོ་ཡིན་པའི་ནར་མ་སོན་པའི་དོགས་ཡོད་མི་སྣར་ཁྲིམས་ལྟར་ཆད་པ་ཡང་མོ་གཅོད་པ་རྒྱུན་འཁྱོངས་བྱས་ཏེ།མི་ཁྲི1.27འཛིན་བཟུང་བྱེད་པར་ཆོག་མཆན་མ་བཀོད་པ་དང་མི་ཁྲི1.42གཏུག་བཤེར་མ་བྱས་པ་རེད།དུས་མཚུངས་སུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་ཉེས་འཛོལ་འགྱུར་མཚམས་འགོག་སྲུང་ནང་རྐྱེན་འཛུགས་པ་དང་།ན་གཞོན་ཚོགས་པའི་དོ་དམ་ཞབས་ཞུའི་བྱ་བ་འཐུས་ཚང་དུ་བཏང་བ་བརྒྱུད་དེ།ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་བསགས་སྔོན་འགོག་དང་ཇེ་ཉུང་དུ་བཏང་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1