གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༠ཉིན།

དཀར་མཛེས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་ནས་ཆ་འཕྲིན་སྤེལ་བར། དཀར་མཛེས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་སྟེ། ཁུལ་དེའི་མི་འབོར་དབུལ་པོ་དང་། གྲོང་ཚོ་དབུལ་པོ། རྫོང་དང་གྲོང་ཁྱེར་དབུལ་པོ། དབུལ་པོ་ཐོན་ཚད་སོགས་ཀྱི་སྟོན་རྟགས་2014ལོར་གནད་སྨིན་དབྱེ་འབྱེད་བྱས་པ་དང་བསྡུར་ན་ཆེས་ཆེར་ཆག་ཡོད་པ་རེད།
    དཀར་མཛེས་ཁུལ་གྱིས་དབུལ་པོ་ངོ་མར་དབུལ་སྐྱོར་དང་དངོས་འབྲེལ་དབུལ་སྐྱོར་བྱེད་པ་དང་། དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་མཐའ་འཁྱོངས་བྱས་པས། 2014ལོ་ནས་2018ལོའི་བར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་18.9དབུལ་པོ་ལས་བསྒྲལ་ནས་ལོར་ཆ་སྙོམས་དབུལ་པོ་ཁྲི་3.78ཉུང་དུ་ཕྱིན་ཞིང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་22.03ནས་ཁྲི་3.35བར་ཆག་ཡོད་པ་རེད།
    དཀར་མཛེས་ཁུལ་གྱིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཚོ་དབུལ་པོའི“ཡོད་པ་ལྔའི”ཞན་ཆ་གསབ་ནས་ལོ་ལྔའི་རིང་། ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་1109དབུལ་པོ་ལས་བསྒྲལ་ནས་གྲོང་ཚོ་དབུལ་པོ་1360ནས་251བར་ཆག་ཡོད་པ་རེད།
    ཕུགས་ཕན་གྱི་ཇུས་འགོད་ལ་བརྟེན་ནས་མིག་མདུན་གྱི་གནད་དོན་སེལ་བ་དང་རིམ་པ་བཞིན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དར་ཙེ་མདོ་དང་། ལྕགས་ཟམ་ཁ། རོང་བྲག བརྒྱད་ཟིལ། ཆ་ཕྲེང་། འདབ་པ་བཅས་རྫོང(གྲོང་ཁྱེར)6གིས་དུས་བཀག་ནང་དབུལ་ཞྭ་ཕུད་ནས་ཁུལ་ཡོངས་ཀྱི་རྫོང་དབུལ་པོ་18ནས་12བར་ཆག་ཡོད་པ་རེད།
    དབུལ་པོ་སེལ་བ་དང་། དམངས་འཚོ་ལེགས་གཏོང་། གྲུབ་འབྲས་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ལོ་ལྔའི་རིང་ཁུལ་ཡོངས་སུ་དབུལ་པོ་ཐོན་ཚད་23.17%ནས་3.52%བར་ཆག་ཡོད་པ་རེད།
    མིག་སྔར་དཀར་མཛེས་ཁུལ་འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དབྱར་ཁའི་ལས་དོན་ཕྱོགས་ཡོངས་ནས་བསྟར་འགོ་ཚུགས་ཡོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1