གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་གཟབ་རྒྱས་ངང་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-20


     ཟླ་6ཚེས་18ཉིན་གྱི་སྔ་དྲོ། “དུས་རབས་གསར་པར་བསྟོད་གླུ་ལེན། བདེ་སྐྱིད་ལྡན་པའི་གཞིས་ཀ་རྩེ།”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
    ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་གཞིས་རྩེའི་རིག་གནས་ཡུལ་སྐོར་གྱི་གཟབ་རྒྱས་དུས་ཆེན་ཞིག་ཡིན་ལ། དུས་མཚུངས་དྲིལ་བསྒྲགས་མཚམས་སྦྱོར་གྱི་སྒེའུ་ཁུང་ཞིག་དང་མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་ཞིག་རེད། སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བ་གཙོ་བོར་བཟུང་ཡོད། ཅི་ལིན་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་གཉེར་བ་དང་།  རིག་རྩལ་འཁྲབ་སྟོན་དང་། གྲུབ་འབྲས་འགྲེམས་སྟོན། ཚོང་འགུག་མ་འདྲེན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རིག་གནས་གྱིས་སྨྱན་སྦྱོར་བྱེད་པ་དང་།  ཡུལ་སྐོར་གྱིས་གྲོགས་པོ་མཉམ་འཛོམས་བྱེད་པ།   དུས་ཆེན་གྱིས་ཚོང་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་གཞིས་རྩེའི་རིག་གནས་ཀྱི་ཉམས་འགྱུར་དང་། རི་ཆུའི་མཛེས་ལྗོངས། སྒོ་དབྱེའི་རྣམ་པ་མངོན་པར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1