“2019ལོའི་མཐོ་རྒྱུགས་གནས་ཚུལ་དྲ་ཐོག་བློ་འདྲིའི་གཟའ་འཁོར”གྱི་དུས་ཚོད་གཏན་འཁེལ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-20


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། “2019ལོའི་མཐོ་རྒྱུགས་གནས་ཚུལ་སྐོར་གྱི་དྲ་ཐོག་བློ་འདྲིའི་གཟའ་འཁོར”གྱི་བྱེད་སྒོ་ཟླ་6ཚེས་22ཉིན“ཉི་འོད་མཐོ་རྒྱུགས”ཆ་འཕྲིན་ལས་སྟེགས(https://gaokao.chsi.com.cn)ཐོག་དངོས་སུ་སྤེལ་རྒྱུ་རེད། བློ་འདྲིའི་གཟའ་འཁོར་གྱི་དུས་ཚོད་རིང་། རྒྱལ་ཡོངས་ཀྱི་སློབ་བསྡུའི་མཐོ་སློབ་ཁག་གིས་དྲ་ཐོག་ནས་དྲི་བར་ལན་འདེབས་རྒྱུ་རེད།
     རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱིས་མཐོ་སློབ་འདོད་མོས་རེའུ་མིག་རྒྱོང་བའི་དུས་ཚོད་བཀོད་སྒྲིག་གཞིར་བཟུང་། འདི་ལོའི་དྲ་ཐོག་བློ་འདྲིའི་བྱེད་སྒོའི་དུས་ཚོད་དེ་ཟླ་6ཚེས་22ནས་28ཉིན་བར་ཡིན་པ་དང་ཉིན་རེའི་བློ་འདྲིའི་དུས་ཚོད་སྔ་དྲོའི་ཆུ་ཚོད་9པ་ནས་ཕྱི་དྲོའི་ཆུ་ཚོད་17བར་རེད།
    སློབ་གསོ་པུས་མཐོ་སློབ་ཁག་གིས་སློབ་བསྡུའི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་རང་འགུལ་ངང་བློ་འདྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ལེགས་ལ་ཞིབ་ཚགས་པའི་སྒོ་ནས་འདོད་མོས་རེའུ་མིག་རྒྱོང་སྟངས་སྐོར་མཛུབ་ཁྲིད་དང་ཞབས་འདེགས་ཞུ་དགོས། མཐོ་སློབ་སློབ་བསྡུའི“ཉི་འོད་འདུ་འགོད”ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་བསྡུའི་སྲིད་ཇུས་དང་། སློབ་བསྡུའི་སྒྲིག་ཡིག སློབ་བསྡུའི་བརྒྱུད་རིམ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་འཕྲིན་གྱི་ཡང་དག་རང་བཞིན་དང་ཕན་འབྲས་རང་བཞིན་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་ཀྱང་ལག་ཐོགས་ཁ་པར་སོགས་ཀྱི་སྒུལ་བདེའི་དུད་སྣེ་བརྒྱུད་བློ་འདྲི་བྱེད་ཆོག་གི་ཡོད། དེ་དང་ཆབས་ཅིག་བློ་འདྲིའི་ལས་ཕྱོད་ཆེ་རུ་གཏོང་ཆེད་སློབ་བསྡུའི་ཚན་པ་ཁག་གིས་སྔོན་ཚུད་ནས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་གསར་ཤོས་ལ་བལྟས་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་ཆོག་གི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1