ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-20



      ཟླ་6་པའི་ཚེས་18་ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་ཞིང་ཆེན་གྱི་དབྱི་པིན་གྲོང་ཁྱེར་ཁྲང་ཉིང་རྫོང་དུ་ས་ཡོམ་རིམ་པ་6.0ཅན་བྱུང་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ། གནོད་ཐེབས་ཁུལ་གྱི་གནས་ཚུལ་དང་ཉེན་སྐྱོབ་གནོད་སྐྱོབ་ལས་དོན་གྱི་སྙན་ཞུ་ལ་གསན་ནས། རྗེས་མའི་ཡོམ་འགོག་གནོད་སེལ་གྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།
   ཟླ་6པའི་ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་55ཡི་སྟེང་། ཁྲང་ཉིང་རྫོང་དུ་ས་ཡོམ་རིམ་པ་6.0ཅན་བྱུང་ཞིང་། འགུལ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་16ཟིན་པས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབ་ཆེན་བཟོས་པ་རེད། ས་ཡོམ་བྱུང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་ཚད་མཐོན་པོ་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་ཡང་གནང་སྟེ། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ། ཉེན་གཡོལ་བཀོད་སྒྲིག ཉེན་ཁ་མྱུར་སྐྱོབ་དང་གནོད་འཚེ་འགོག་སེལ་བྱེད་པ་སོགས་ཀྱི་ལས་དོན་ཐད་ལ་བླང་བྱ་གལ་ཆེན་བཏོན། ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ།ཉེན་ཁ་མྱུར་སྐྱོབ་དང་གནོད་འཚེ་འགོག་སེལ། རྨས་མ་མྱུར་སྐྱོབ། གནོད་ཐེབས་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་། ཡང་བསྐྱར་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས་པ་སོགས་ཀྱི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
       ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནོད་ཐེབས་མང་ཚོགས་ཐུགས་ཁུར་ཟབ་བཞེས་གང་ལེགས་གནང་བ་མཚོན་པར་མ་ཟད། ང་ཚོས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་། མི་རྩ་བར་འཛིན་པ་དང་ཚན་རིག་དང་མཐུན་པར་རོགས་སྐྱོབ་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་ཉེན་སྐྱོབ་རོགས་སྐྱོབ་ཀྱི་ལས་ཀའི་ཁྲོད་ཞུགས་སུ་འཇུག་པ་དང་། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཐེབས་ཚད་ཆེས་དམའ་ཤོས་སུ་གཏོང་གང་ཐུབ་བྱས་ཏེ། གནོད་ཐེབས་ཁུལ་གྱི་གཞི་རྩའི་འཚོ་བ་དང་ཐོན་སྐྱེད་སྒྲིག་ལམ་གང་མགྱོགས་གིས་སླར་གསོ་བྱ་དགོས་ཞེས་བསྟན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1